ཨེ་ཅིབ་ལྷོ་ཕྱོགས་ཀྱི་གཞུང་ལམ་སྟེང་དུ་རླངས་འཁོར་གཉིས་ཐོ་བརྒྱབ་ནས་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། ཨེ་ཅིབ་ལྷོ་ཕྱོགས་ཀྱི་ཨ་སི་བང་ཧྲིན་དང་ཨེ་སི་ཡུག་ཐི་ཧྲིན་གྱི་འབྲེལ་མཚམས་གཞུང་ལམ་སྟེང་དུ་རླངས་འཁོར་གཉིས་ཐོ་བརྒྱབ་ནས་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཨ་སི་བང་ཧྲིན་གྱི་ཧྲིན་ཀྲང་ཨ་ཧྲི་ལ་ཧྥུའུ་ས་ཨ་ཏི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་དོན། རླངས་འཁོར་གཉིས་ཀྱི་ནང་དུ་ཁྲིམས་འགལ་གསེར་བརྐོ་བཟོ་བ་དང་གསེར་བརྐོ་ཐད་བཀོལ་བའི་རླངས་སྣོད་སོགས་དྲུད་ཡོད་པ་དང་། རླངས་འཁོར་ཐོ་བརྒྱབ་རྗེས་རླངས་སྣོད་དེ་ཡང་འགས་གཏོར་བྱུང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།