ཨར་ཅི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱའི་དམངས་སྲུང་སྡེ་ཁག་གིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨར་ཅི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཐཱ་མན་ལཱ་སེ་ཐི་ཞིང་ཆེན་ནས་ཉིན་དེར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ནས། མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་ཡས་མས་སུ། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་མི་སུམ་བཅུ་ལྷག་དྲུད་པའི་རླངས་འཁོར་ཞིག་ཐཱ་མན་ལཱ་སེ་ཐི་ཞིང་ཆེན་ནས་དོན་རྐྱེན་བྱུང་པ་དང་། ཁ་ལོ་བ་དང་བཅས་པའི་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་བཅུ་གཅིག་ལ་རྨས་ཕོག་ཡོད་ཟེར། 

དམངས་སྲུང་སྡེ་ཁག་གིས་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།