ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་སྲིད་གཞུང་གིས་ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་ཀྱི་འདས་པོའི་ཁྱིམ་མིར་སྐྱིན་ཚབ་སྤྲོད་རྒྱུར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2020-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་སུམ་ཅུ་ཉིན། དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཁྱབ་བསྒྲགས་བྱས་དོན།  དབྱི་ལང་སྲིད་གཞུང་གིས་ཉིན་དེར་ཝུའུ་ཁི་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟིའི་ཆག་སྐྱོན་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་སྟེང་གི་འདས་པོའི་ཁྱིམ་མིར་སྐྱིན་ཚབ་སྤྲོད་རྒྱུར་ཆོག་མཆན་བཀོད།

བསྒྲགས་པ་ལྟར་ན།   དབྱི་ལང་སྲིད་གཞུང་གིས་གནམ་གྲུའི་སྟེང་གི་འདས་པོ་བརྒྱ་དང་དོན་དྲུག་གི་ཁྱིམ་མར་སྐྱིན་ཚབ་སྟེར་རྒྱུ་ཡིན་པ་དང་།   མི་རིགས་དང་རྒྱལ་ཁབ་ཀྱི་དབྱེ་བ་མེད་པར་འདས་པོ་རེ་རེའི་ཁྱིམ་མིར་མེ་སྒོར་འབུམ་གཅིག་དང་ཁྲི་ལྔ་དང་ཡང་ན་དེ་དང་རིན་ཐང་མཉམ་པའི་ཡོ་སྒོར་གྱི་སྐྱིན་ཚབ་འཇལ་རྒྱུ་རེད།   ཞིབ་ཕྲའི་སྐྱིན་ཚབ་འཇལ་བའི་ལས་དོན་ལ་དབྱི་ལང་འགྲིམ་འགྲུལ་དང་གྲོང་ཁྱེར་འཕེལ་རྒྱས་པུའུ་ཡིས་འགན་ཁུར་རྒྱུ་རེད།

ད་ལོའི་ཟླ་དང་པོའི་ཚེས་བརྒྱད་ཉིན། ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་དབྱི་ལང་གི་རྒྱལ་ས་ཏི་ཧེ་ལན་གྱི་ཧོ་མེ་ཉི་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་འཕུར་ནས་ཅུང་མ་འགོར་བར་སར་ལྷུང་སྟེ་གནམ་གྲུའི་སྟེང་གི་འགྲུལ་བ་བརྒྱ་དང་རེ་བདུན་དང་ལས་བྱེད་མི་སྣ་དགུ་བཅས་བསྡོམས་པས་མི་བརྒྱ་དང་དོན་དྲུག་རྐྱེན་ལམ་དུ་ཤོར་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།