ཀྲུང་གོ་བོད་ཀྱི་དྲ་བ།

ཁ་ཐར་རྒྱལ་ཁབ་ཀྱི་འགོ་གཙོ་ཐ་མུས་མུའུ་ལ་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ས་ལེ་མན་གྱི་གདན་ཞུའི་འཕྲིན་ཡིག་འབྱོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁ་ཐར་རྒྱལ་ཁབ་ཀྱི་འགོ་གཙོ་ཐ་མུས་མུའུ་ལ་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ས་ལེ་མན་གྱི་འཕྲིན་ཡིག་འབྱོར་ཏེ། ས་ལེ་མན་གྱིས་འཕྲིན་ཡིག་ནང་དུ་ཐ་མུས་མུའུ་ཟླ་རྗེས་མའི་ཚེས་ལྔ་ཉིན་སོ་ཏི་ཨ་རབ་ནས་འཚོགས་པའི་མཚོ་ཁུགས་ཨོ་རབ་རྒྱལ་ཁབ་ཀྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་འགོ་གཙོའི་གྲོས་ཚོགས་སྐབས་ཞེ་གཅིག་པར་ཞུགས་པར་གདན་ཞུ་བྱས་ཡོད།

ཁ་ཐར་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁ་ཐར་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་བཞིན་པའི་མཚོ་ཁུགས་ཨོ་རབ་རྒྱལ་ཁབ་ཀྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་འགོ་གཙོའི་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ན་དབྱི་ཧྥུའུ་ཡིས་ཉིན་དེའི་སྔ་དྲོར་ཐ་མུས་མུའུ་ལ་ས་ལེ་མན་གྱི་གདན་ཞུའི་འཕྲིན་ཡིག་བརྒྱུད་སྤྲོད་བྱས།

མཚོ་ཁུགས་ཨོ་རབ་རྒྱལ་ཁབ་ཀྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་འགོ་གཙོའི་གྲོས་ཚོགས་དེ་གཅིག་དགུ་གྱ་གཅིག་ལོར་བཙུགས་པ་དང་དེའི་སྤྱི་ཁྱབ་པུའུ་ཨ་རབ་ཀྱི་རྒྱལ་ས་ལིས་ཡ་ཏི་ན་བཙུགས་ཡོད་ལ། ཁོངས་གཏོགས་རྒྱལ་ཁབ་ནི་སོ་ཏི་ཨ་རབ་དང་པ་ལིན། ཨ་མན། ཁི་ཝེ་ཐི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁ་ཐར་བཅས་ཡིན་པ་དང་། མཚོ་ཁུགས་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར་བདེ་འཇགས་རྩ་འཛུགས་གཙོ་བོ་ཞིག་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།