ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་གཏོང་ཆོད་དོན་གྲོས་མོལ་ཐད་ནས་འཕེལ་རིམ་གསར་བར་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ༡༢པའི་ཚེས༢༩ཉིན།ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་གཏོང་ཆོད་དོན་གྲོས་མོལ་གྱི་འཕེལ་རིམ་གསར་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།

ཝང་ཝུན་པིང་གིས་བཤད་རྒྱུར།  ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་གཏོང་ཆོད་དོན་གྲོས་མོལ་ནི་མིག་སྔར་གྱི་ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གྲོས་རིམ་གལ་ཆེན་ཞིག་ཡིན།  ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག   ཉེ་བའི་དུས་སྐབས་ཤིག་རིང་ལ་གྲོས་མོལ་ཐད་ནས་རྒྱུན་ཆད་མེད་པར་འཕེལ་རིམ་གལ་ཆེན་བླངས་ཡོད་པ་དང་།  དེའི་མདུན་ལྗོངས་ནི་རེ་སྒུག་བྱེད་འོས་པ་ཞིག་རེད།

ཁོས་བཤད་རྒྱུར།   ཆོད་དོན་གྱིས་སྔ་མོ་ནས་གྲུབ་འབྲས་བླངས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་སྟོབས་དང་ལྡན་པའི་ལམ་ལུགས་རང་བཞིན་གྱི་སྒྲོམ་གཞིའི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཁེ་ལས་དང་མི་དམངས་ལ་དངོས་ཡོད་ཀྱི་ཁེ་ཕན་ཁྱེར་ཡོང་བར་རེ་བ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།