ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཉེར་བདུན་གྱི་འཐུས་མི་གནས་སྐབས་སུ་དབྱིན་ཇི་དང་ཡོ་རོབ་གླིང་གི་གྲོས་མཐུན་ལག་བསྟར་བྱེད་པར་ཡིད་འཐད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས28ཉིན། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཉེར་བདུན་གྱི་འཐུས་མིའི་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཧྥེ་ཧྲི་ཨར་གྱིས་ཁྱབ་སྒྲོག་བྱས་དོན། ཡོ་རོབ་གླིང་མནའ་འབྲེལ་དུ་རྒྱུན་པར་སྡོད་པའི་རྒྱལ་ཁབ་སོ་སོའི་འཐུས་མི་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་གནས་སྐབས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་ཉེ་སྔོན་མ་འོངས་འབྲེལ་བའི་ཐད་ནས་བཀོད་པའི་གྲོས་མཐུན་ལག་བསྟར་བྱེད་པར་གཅིག་གྱུར་ཡིད་འཐད་བྱུང་། 

ཧྥེ་ཧྲི་ཨར་གྱིས་བཤད་རྒྱུར། དེའི་རྗེས་སུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཡོ་རོབ་གླིང་དབུས་ཕྱོགས་ས་ཁུལ་དུ་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྔོན་ལ་ཡིག་ཐོག་ནས་ཁས་ལེན་བྱེད་དགོས། དེའི་སྔོན་ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་འཐུས་མིས་ཚེས་ཉེར་ལྔ་ཉིན་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཤོག་ངོས་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཡོད་པའི་དབྱིན་ཇི་དང་ཡོ་རོབ་གླིང་གྲོས་མཐུན་ལ་གྲོས་ཞིབ་བྱེད་མགོ་བརྩམས། 

དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལས་དོན་འགན་ཁུར་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པཱ་ནེ་ཡེ་ཡིས་ཚེས་ཉེར་བརྒྱད་ཉིན་དྲ་བ་བརྒྱུད་དེ་བསྟན་དོན། ཉིན་དེར་ཁོ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གཉིས་ཀྱིས་ཡོ་རོབ་གླིང་གྲོས་ཁང་གི་ཏང་ཁག་སོ་སོའི་ཀྲུའུ་ཞི་དང་། ཡོ་རོབ་གླིང་གྲོས་ཁང་གི་དབྱིན་ཇི་དང་ཡོ་རོབ་གླིང་གི་འབྲེལ་བའི་མཐུན་སྦྱོར་ཚན་ཆུང་བཅས་དང་མཉམ་དུ་ཕན་འབྲས་ལྡནཔ་འི་གྲོས་མོལ་བྱས་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་གྲོས་མོལ་འཐུས་མིས་ཚེས་ཉེར་བཞིའི་ཉིན་ཉོ་ཚོང་དང་བཅས་པའི་མཉམ་ལས་ནང་དོན་ཞིབ་རྒྱས་རབ་དང་རིམ་པར་གྲོས་འཆམ་བྱུང་སྟེ། དབྱིན་ཇི་ཡིས་སྔོན་གྱི་འཆར་གཞི་ལྟར་ཉི་སྟོང་ཉི་ཤུ་ལོར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་བར་བརྒལ་དུས་རིམ་མཇུག་སྒྲིལ་བར་བཀག་རྒྱ་སེལ། གྲོས་མཐུན་དེར་ཕྱོགས་གཉིས་ཀྱི་གྲོས་ཁང་གི་ཆོག་མཆན་ཐོབ་ན་ད་གཟོད་དངོས་སུ་ནུས་ལྡན་དུ་འགྱུར་ཐུབ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།