ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་དམག་མི་གསུམ་ལ་མཱ་ལི་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས28ཉིན། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་དམག་མི་གསུམ་གྱིས་ཉིན་དེར་མཱ་ལི་ནས་དམག་དོན་ལས་འགན་ལག་བསྟར་བྱེད་སྐབས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཧྥ་རན་སིའི་དམག་མིའི་རུ་ཁག་ཅིག་གིས་ཚེས28ཉིན་གྱི་སྔ་དྲོར་མཱ་ལིའི་དབུས་ཕྱོགས་ཀྱི་ཧོང་པའོ་ལི་ས་ཁུལ་དུ་དམག་དོན་ལས་འགན་ལག་བསྟར་བྱེད་སྐབས། དམག་མི་སྡོད་པའི་འཁྲབ་ལྡན་འཁོར་ལོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། དམག་མི་གསུམ་རྐྱེན་ལམ་དུ་ཤོར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་རྐྱེན་ལམ་དུ་ཤོར་བའི་དམག་མིར་གུས་འདུད་ཞུས་པ་དང་། ཧྥ་རན་སི་ཡིས་མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཆོད་སེམས་བསྐྱར་སྒྲོག་བྱས། 

ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཧྥ་རན་སི་ཡིས་ཉིས་སྟོང་བཅུ་གསུམ་ལོ་ནས་མཱ་ལི་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཧྥ་རན་སིའི་དམག་མི་ཞེ་བདུན་མཱ་ལི་ནས་རྐྱེན་ལམ་དུ་ཤོར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།