ཀྲུང་གོ་བོད་ཀྱི་དྲ་བ།

ཀྲི་ལིའི་ཉེ་འདབས་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲི་ལི་སློབ་ཆེན་རྒྱལ་ཡོངས་ས་འགུལ་ལྟེ་གནས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཀྲི་ལིའི་ཉེ་འདབས་མཚོ་ཁོངས་སུ་ཉིན་དེའི་ཕྱི་དྲོར་ཚད་རིམ་དྲུག་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་། མིག་སྔར་མི་སྣར་ཤི་རྨས་ཐེབས་པའི་སྙན་ཞུ་བསྒྲགས་མེད། 

ལྟེ་གནས་དེས་སྤེལ་བའི་བརྡ་འཕྲིན་ལྟར་ན། ས་འགུལ་ནི་ས་དེའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་ཚོད་དྲུག་དང་སྐར་མ་སོ་དགུའི་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་ནི་ཀྲི་ལིའི་ལྷོ་ཕྱོགས་ཀྱི་ཨ་ལའོ་ཁཱ་ནེ་ཡཱ་ས་ཁུལ་ཆེན་མོའི་ཐའོ་ཨར་ཐིན་གྲོང་ཁྱེར་ནུབ་ངོས་ཀྱི་སྤྱི་ལེ་བརྒྱ་དང་ཞེ་བཞིའི་མཚམས་ས་ཀྱི་མཚོ་ཁོངས་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ཉེར་དྲུག་དང་གྲངས་ཆུང་ལྔ་ཡོད་ཟེར། 

གཞན་ཡང་ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ས་འགུལ་བརྡ་འཕྲིན་དྲ་རྒྱས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་འགུལ་གྱི་རིམ་པ་ནི་དྲུག་དང་གྲངས་ཆུང་བདུན་ཡིན་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད་ཟེར།

ཀྲི་ལིའི་མཚོ་དམག་ཆུ་དཔྱད་དང་རྒྱ་མཚོའི་ལས་དོན་ཅུའུ་ཡིས་བཤད་རྒྱུར། ཐེངས་འདིའི་ས་འགུལ་ལས་རྒྱ་མཚོ་འཕྱུར་བའི་གནས་ཚུལ་འབྱུང་མི་སྲིད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།