ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་མཉམ་འབྲེལ་སྲིད་གཞུང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་དུ་རྩ་འཛུགས་བྱས་པའི་ཡེ་མིན་མཉམ་འབྲེལ་སྲིད་གཞུང་གིས་ཚེས་ཉེར་དྲུག་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་པོ་ཞིག་གིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོར་མགོ་འཛིན་བྱས་པ་དང་། མཉམ་འབྲེལ་སྲིད་གཞུང་གི་པུའུ་ཀྲང་ཉེར་བཞིའི་ནང་གི་མི་ཉེར་གསུམ་ཉིན་དེའི་མཛད་སྒོར་ཞུགས། མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་སེ་དབྱེ་ཏི་དང་སྲིད་གཞུང་གི་པུའུ་ཀྲང་དག་ཉིན་འགའི་ནང་ཡེ་མིན་གྱི་གནས་སྐབས་རྒྱལ་ཡཱ་ཏེང་དུ་ལོག་ནས་དངོས་སུ་བྱ་བ་སྤེལ་རྒྱུ་རེད་ཟེར། 

ཧཱ་ཏིས་ཀྱིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། མཉམ་འབྲེལ་སྲིད་གཞུང་གིས་ཡེ་མིན་གྱི་ཉམས་རྒུད་དུ་འགྲོ་བའི་དཔལ་འབྱོར་མྱུར་སྐྱོབ་བྱེད་དགོས་པའི་སྐུལ་མ་བཏང་། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།