ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བདུན་དང་ས་ཡ་བརྒྱད་འབུམ་དྲུག་སྟོང་བཞི་ལྔ་བརྒྱ་སོ་གཉིས་ལ་བསླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བདུན་དང་ས་ཡ་བརྒྱད་འབུམ་དྲུག་སྟོང་བཞི་ལྔ་བརྒྱ་སོ་གཉིས་ལ་བསླེབས་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོའི་དུད་ཚོད་ལྔ་དང་སྔར་མ་གསུམ་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་བཞི་དང་སྟོང་གཅིག་བརྒྱ་དང་དོན་དྲུག་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་བྱེ་བ་བདུན་དང་ས་ཡ་བརྒྱད་འབུམ་དྲུག་སྟོང་བཞི་ལྔ་བརྒྱ་སོ་གཉིས་ལ་བསླེབས་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་བདུན་དང་སུམ་བརྒྱ་སོ་ལྔ་ཇེ་མང་དུ་སོང་སྟེ། བསྡོམས་པས་ས་ཡ་གཅིག་དང་འབུམ་བདུན་ཁྲི་བཞི་སྟོང་བཞི་ཉིས་བརྒྱ་སོ་ལྔར་བསླེབས་ཡོད། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།