ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཐིན་ནཱ་ཞི་མངའ་སྡེ་རུ་འགས་གཏོར་དོན་རྐྱེན་བྱུང་ནས་མི་གསུམ་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཐིན་ནཱ་ཞི་མངའ་སྡེ་ཡི་ཧྲིག་ཧྥུའུ་ནཱ་ཧྲི་ཝེ་ཨར་གྲོང་ཁྱེར་ལྟེ་གནས་སུ་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་འགས་གཏོར་དོན་རྐྱེན་བྱུང་ནས་མི་གསུམ་ལ་རྨས་སྐྱོན་བཟོས། ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་འགས་གཏོར་དོན་རྐྱེན་ནི་བསམ་ངན་ཁོག་བཅུག་གིས་བཟོས་པར་དོགས་པ་བྱེད་ཀྱིན་འདུག

ནཱ་ཧྲི་ཝེ་ཨར་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཐང་ཨ་ལོན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེའི་དུས་ཚོད་དྲུག་དང་ཕྱེད་ཀ་ཡས་མས་ཀྱི་མཚམས་སུ། དོགས་ཡོད་རླངས་འཁོར་ཞིག་གྲོང་ཁྱེར་ལྟེ་གནས་ནས་འགས་གཏོར་ཆེན་པོ་བྱུང་ནས་མི་གསུམ་ལ་རྨས་སྐྱོན་བཟོས་པ་དང་། རྨས་སྐྱོན་བཟོས་པའི་མི་གསུམ་པོ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། ཚེ་སྲོག་གི་ཉེན་ཁ་མེད་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།