ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གི་ཁ་ཁར་བཀར་བའི་བཀག་སྡོམ་མེད་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་བཞིའི་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཉིན་དེའི་བར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་ཅི་ཡང་མེད་སྟབས། འབྲེལ་ཡོད་གཏན་འཁེལ་ལྟར་དུ། མཱ་ཁི་ལུང་ཁ་ཁར་བཀར་བའི་བཀག་སྡོམ་མེད་པར་བཏང་ཆོག་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཁ་ཁར་བཀར་བའི་བཀག་སྡོམ་སྐབས་སུ་མཱ་ཁི་ལུང་གིས་རྒྱང་བསྟེན་གཞུང་སྒྲུབ་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཐག་གཅོད་བྱས་པ་རེད་ཟེར། 

མཱ་ཁི་ལུང་གིས་སྤྱི་སྒྲོག་ལས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་གནང་བའི་སྐབས་སུ། ཧྥ་རན་སིའི་མང་ཚོགས་ཀྱིས་རིམས་འགོག་ལ་མཐོང་ཆེན་བྱེད་པ་དང་། སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་བར་བྱེད་པ་དང་ཁ་ཐུམ་རྒྱག་པ། ལག་པ་རྒྱུན་དུ་བཀྲུ་བ་སོགས་རིམས་འགོག་རྩ་དོན་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།