ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་མ་འོངས་པའི་འབྲེལ་བའི་ཐད་ནས་གྲོས་མཐུན་བཀོད།

  རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་ཉེར་བཞིའི་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་པུའུ་ནས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་འདྲ་མཉམ་གྱི་གྲོས་མཐུན་ཞིག་བཀོད་ཡོད་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཐེངས་མང་བོར་གྲོས་མོལ་གང་ལེགས་བྱས་པ་བརྒྱུད། ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་ཚེས་ཉེར་བཞི་ཉིན་ཉོ་ཚོང་དང་བཅས་པའི་མཉམ་ལས་འབྲེལ་བའི་གྲོས་མཐུན་རབ་དང་རིམ་པ་བཀོད་དེ། དབྱིན་ཇི་ཡིས་སྔོན་གྱི་འཆར་གཞི་ལྟར་ཉིས་སྟོང་ཉི་ཤུ་ལོར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་ཕྱིར་བུད་པའི་བར་བརྒལ་དུས་སྐབས་མཇུག་སྒྲིལ་བར་བཀག་རྒྱ་གཙང་སེལ་བྱས། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་པུའུ་ལུའུ་སེར་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕྱོགས་གཉིས་ཀྱིས་འདྲ་མཉམ་དང་དོ་མཉམ་གྱི་གྲོས་མཐུན་ཞིག་བཀོད་ཡོད་པ་དང་། གྲོས་མཐུན་དེས་འདྲ་མཉམ་འགྲན་རྩོད་ལ་འགན་སྲུང་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ཕན་ལ་འགན་སྲུང་ཐོབ་ཐུབ་ཟེར། 

མཚམས་སྦྱོར་བྱས་པ་ལྟར་ན། གྲོས་མཐུན་དེ་ལས་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་ཚོང་ཟོང་དང་ཞབས་ཞུའི་ཉོ་ཚོང་། དབྱིན་ཇིའི་མཚོ་ཁོངས་ཀྱི་ཉ་བདའི་དབང་ཆའི་བགོ་བཤའ། དེ་མིན་ཕྱོགས་གཉིས་ཀྱིས་འགྲིམ་འགྲུལ་དང་ནུས་ཁུངས། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་བར་བཀོད་སྒྲིག་བྱས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།