ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་ཉིང་རྡུལ་ཟིལ་ཤུགས་ཁྲོད་ཀྱི་དེང་རབས་ཅན་གྱི་མཚོན་ཆའི་བསྡུར་ཚད་ཇེ་མཐོར་གཏོང་བའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར་ཨུ་རུ་སིའི་ཉིང་རྡུལ་ཟིལ་ཤུགས་ཁྲོད་ཀྱི་དེང་རབས་ཅན་གྱི་མཚོན་ཆའི་བསྡུར་ཚད་བརྒྱ་ཆའི་གྱ་བརྒྱད་དང་གྲངས་ཆུང་གསུམ་ལ་མཐོར་འདེགས་བྱེད་དགོས་ཟེར། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་རྒྱ་བསྐྱེད་སྲིད་དོན་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། ཟླ་བཅུ་གཉིས་པའི་ཟླ་དཀྱིལ་བར་དེང་རབས་ཅན་གྱི་མཚོན་ཆའི་ཨུ་རུ་སིའི་དམག་དཔུང་གི་བསྡུར་ཚད་དེ་བརྒྱ་ཆའི་བདུན་ཅུ་ལས་བརྒལ་ཡོད་པ་དང་། ཨུ་རུ་སིའི་ཉིང་རྡུལ་ཟིལ་ཤུགས་ཁྲོད་ཀྱི་བསྡུར་ཚད་བརྒྱ་ཆའི་གྱ་དྲུག་ལ་བསླེབས་ཡོད། ཨུ་རུ་སིའི་དམག་དཔུང་དང་གནས་གསུམ་གཞི་གཅིག་གི་ཉིང་རྡུལ་ནུས་པའི་སྟོབས་ཤུགས་དེ་རྒྱལ་ཁབ་རང་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆུ་ཚད་དུ་བསླེབས་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་མཚོན་ཆའི་སྟོབས་ཤུགས་ཀྱི་ཁྱབ་ཁོངས་གཙོ་བོའི་འཕེལ་རྒྱུས་ཧ་ཅང་མགྱོགས་པ་དང་། ཨུ་རུ་སིའི་དམག་དཔུང་གི་འཕེལ་རྒྱས་དེ་སྔར་གནས་སུ་མདུན་སྐྱོད་མེད་ན་མི་རུང་ཟེར། ཁོས་བསྟན་དོན། ཨུ་རུ་སིའི་ཉིང་རྡུལ་ཟིལ་ཤུགས་ཁྲོད་དེང་རབས་ཅན་གྱི་མཚོན་ཆའི་བསྡུར་ཚད་དེ་ཉིས་སྟོང་ཉེར་གཅིག་ལོར་བརྒྱ་ཆའི་གྱ་བརྒྱད་དང་གྲངས་ཆུང་གསུམ་ལ་བསླེབས་དགོས་པ་དང་། ཨུ་རུ་སིའི་དམག་དཔུང་གི་དེང་རབས་ཅན་གྱི་མཚོན་ཆའི་བསྡུར་ཚད་ཉིས་སྟོང་ཉེར་བཞིའི་ལོར་བརྒྱ་ཆའི་དོན་ལྔ་དང་གྲངས་ཆུང་དགུར་བསླེབ་དགོས་ཟེར། 

གནས་གསུམ་གཞི་གཅིག་གི་ཉིང་རྡུལ་ནུས་པའི་སྟོབས་ཤུགས་ནི་རྒྱལ་ཁབ་གཅིག་ལ་སྐམ་སའི་རྟེན་གཞིའི་གླིང་ཆེན་བར་གྱི་འཕུར་མདའ་དང་སྦས་སྐོང་འཕུར་མདའ། འཐབ་ཇུས་འགས་གཏོར་གནམ་གྲུ་བཅས་ཉིང་རྡུལ་གྱི་ཆམ་ཕབ་བྱེད་ཐབས་གསུམ་དུས་མཉམ་དུ་ལྡན་པའི་ནུས་པར་གོ་བ་ཡིན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།