ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་བ་གསར་དུ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་མགྲིན་ཚབ་པས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ནོར་ཝེའི་ཕྱི་འབྲེལ་དཔོན་པོ་ཝུན་ནེ་སི་ལན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་བ་གསར་བར་བསྐོ་འཇོག་བྱས་པ་དང་། མི་འགྱངས་པར་མུའུ་ལཱ་ཏི་ནོའུ་ཧྥུའུ་ཡི་ཚབ་ཏུ་ལས་འགན་ཁུར་རྒྱུ་རེད། 

ཝུན་ནེ་སི་ལན་ནི་ནོར་ཝེའི་སྐད་གྲགས་ཆེ་བའི་ཕྱི་འབྲེལ་དཔོན་པོ་ཞིག་ཡིན་ཞིང་། ད་ལྟ་ནོར་ཝེའི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་འཐུས་མིའི་འགན་ཁུར་ཡོད། ཝུན་ནེ་སི་ལན་ནི་གཅིག་སྟོང་དགུ་བརྒྱ་གྱ་གསུམ་ལོར་ནོར་ཝེའི་ཕྱི་འབྲེལ་པུའུ་རུ་ཡོང་ནས་བྱ་བ་བསྒྲུབས་པ་དང་། དུས་ཡུན་རིང་བོར་དབུས་ཤར་ལས་དོན་གྱི་འགན་ཁུར་ཡོད། ཉིས་སྟོང་བདུན་ལོ་ནས་ཉིས་སྟོང་བཅུ་གཅིག་ལོའི་བར་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་སུ་སྡོད་པའི་ནོར་ཝེའི་འཐུས་མིའི་འགན་ཁུར་བ་དང་། ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་བཅོ་ལྔ་ལོའི་བར་ཨེ་ཅིབ་དང་ལེ་པུ་ཡཱ་རུ་སྡོད་པའི་ནོར་ཝེའི་གཞུང་ཚབ་ཆེན་མོའི་འགན་ཁུར་མྱོང་། 

ལཱ་མུའུ་ཏི་ནོའུ་ཧྥུའུ་ཡིས་ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་བའི་འགན་ཁུར་བ་དང་། སང་ལོའི་ཟླ་དང་པོར་ལས་འགན་བསྐྱུར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མིའི་འགན་ཁུར་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།