ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་དབྱི་རག་གི་ཉིང་རྡུལ་གནད་དོན་ཐད་ལྟ་ཚུལ་བཞི་བཏོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཚེས21ཉིན་དབྱི་རག་གི་ཉིང་རྡུལ་གནད་དོན་ཐད་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་བརྙན་ལམ་ཚོགས་འདུར་ཞུགས། ཚོགས་འདུར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་ཚབ་པ་པའོ་ལའེ་ལིས་གཙོ་སྐྱོང་བྱས་ཤིང་། དབྱི་རག་གི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལི་ཧྥུའུ་དང་། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལི་ཏི་ལིས་ཝང་། འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་མཱ་སི། དབྱིན་ཇའི་ཕྱི་འབྲེལ་བློན་ཆེན་ལཱ་པུའུ་སོགས་ཚོགས་འདུར་ཞུགས།

ཝང་དབྱི་ཡིས་བསྟན་དོན། མིག་སྔར་དབྱི་རག་གི་ཉིང་རྡུལ་གནད་དོན་ནི་ཁ་ཚ་དགོས་གཏུག་གི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད། ཨ་མེ་རི་ཁའི་གདམ་ཐོན་སྲིད་འཛིན་པའེ་ཏིན་གྱིས་གྲོས་གཞི་ཕྱིར་འཐེན་བྱ་རྒྱུ་ཡིན་ཚུལ་བསྟན་ཡོད་ལ། དེ་དང་དུས་མཚུངས་སུ་ཨ་རི་ཕྱོགས་ཀྱིས་དབྱི་རག་ལ་སྔར་ལས་གནོན་ཤུགས་སྟེར་རྒྱུ་རེད། ཁྱོན་ཡོངས་ནས་གྲོས་གཞི་བསྐྱར་བསྒྲིགས་དང་བགྲོད་ལམ་ཡང་དག་ནང་ཞུགས་པར་སྔ་ན་མེད་པའི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་དགོས་པས་ཀྲུང་གོ་ཕྱོགས་ཀྱིས་ལྟ་ཚུལ་བཞི་བཏོན་ཡོད་དེ།

གཅིག་ནི་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ཀྱི་གྲོས་གཞི་ལ་སྲུང་སྐྱོང་བྱ་རྒྱུ་དང་། གཉིས་ནི་ཨ་རི་ཕྱོགས་ཀྱིས་སྔ་མོ་ནས་ཁྱོན་ཡོངས་ཀྱི་གྲོས་གཞི་བསྐྱར་བསྒྲིགས་ཡོང་བར་སྐུལ་འདེད་བྱ་རྒྱུ། གསུམ་ནི་འདྲ་མཉམ་སྒོས་མི་མཐུན་པའི་ལྟ་ཚུལ་ཐག་གཅོད་བྱ་རྒྱུ། བཞི་ནི་འོས་འཚམ་སྒོས་ས་གནས་ཀྱི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།