འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བདུན་དང་ས་ཡ་བཞི་འབུམ་གཉིས་ཁྲི་དགུ་སྟོང་དགུ་ཞེ་གཉིས་ལ་བསླེབས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་དགུ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བདུན་དང་ས་ཡ་བཞི་འབུམ་གཉིས་ཁྲི་དགུ་སྟོང་དགུ་ཞེ་གཉིས་ལ་བསླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ཉེར་གཉིས་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ནས་འབུམ་བདུན་དང་བརྒྱད་བརྒྱ་ཞེ་དྲུག་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་བྱེ་བ་བདུན་དང་ས་ཡ་བཞི་འབུམ་གཉིས་ཁྲི་དགུ་སྟོང་དགུ་ཞེ་གཉིས་ལ་བསླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཅིག་དང་སྟོང་གསུམ་ཉིས་བརྒྱ་གྱ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་དྲུག་སྟོང་དགུ་དགུ་བརྒྱ་གྱ་གཉིས་ལ་བསླེབས་ཡོད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།