ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་དོ་སྣང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་རིམས་འགོག་བྱ་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། ཁོ་ཚོས་བསྟན་དོན། ཉེ་སྔོན་པེ་ཅིང་ནས་བསྡུས་པའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྡ་རྟགས་གསལ་བོར་བསྒྲགས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་ཐད་ཡིད་ཆེས་བསྩལ་ཡོད་ཟེར། 

རྒྱལ་སྤྱིའི་རྩ་འཛུགས་ཀྱི་དཔོན་རིགས་དང་རྒྱལ་ཁབ་མང་བོའི་ཆེད་མཁས་པས་བསྟན་དོན། ཀྲུང་གོའི་རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣང་ཚུལ་བཟང་བོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་འཕར་སྣོན་དེས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་ལ། ཐེངས་འདིའི་གྲོས་ཚོགས་ནས་ཀྲུང་གོའི་དཔལ་འབྱོར་བཅོས་སྐྱོང་དང་འབྲེལ་བའི་བརྡ་འཕྲིན་གལ་ཆེན་བསྒྲགས་ཡོད་ཟེར། 

རྒྱལ་ཁབ་མང་བོའི་མི་སྣས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་སླར་གསོའི་མདུན་ལྗོངས་གཏན་འཇགས་ཡིན་ཞིང་། ཀྲུང་གོས་བཏོན་པའི་ནང་མཁོ་རྒྱ་བསྐྱེད་པ་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་སོགས་བྱེད་ཐབས་ལས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་གྱི་སྦས་ཤུགས་ཆེན་པོ་གསུམ་མངོན་པར་བྱས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཐད་ལའང་སྒུལ་ཤུགས་འདོན་སྤྲོད་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།