ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་རྒྱལ་སྲུང་པུའུ་ཡིས་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་ཀྱི་མཚོན་ཆ་དང་སྒྲིག་ཆས་ཉོ་བསྡུ་བྱེད་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བདུན་ཉིན་རྒྱལ་ཁབ་རང་གི་མཁའ་མཚོ་སྐམ་གསུམ་དམག་དཔུང་ལ་རིན་ཐང་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་ཡིན་པའི་མཚོན་ཆ་དང་སྒྲིག་ཆས་ཉོ་བསྡུ་བྱེད་རྒྱུ་ཐག་བཅད། 

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ལཱ་ཅེ་ནཱ་ཐི་ཞིན་ཀི་ཡིས་ཉིན་དེར་འགོ་འཛིན་བྱས་ཏེ་རྒྱལ་སྲུང་ཉོ་བསྡུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས་ཆོད་དོན་དེ་་སྤེལ་བ་རེད། རྒྱ་གར་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དེའི་ནང་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དྲུག་བྱེ་བ་བདུན་རྒྱལ་ཁབ་རང་གི་བཟོ་ལས་སྡེ་ཁག་གིས་ཐོན་སྐྱེད་བྱས་པའི་མཚོན་ཆ་དང་སྒྲིག་ཆས་ཉོ་བསྡུ་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་སྲིད་གཞུང་གི་རྒྱ་གར་བཟོ་ལས་དང་རང་སྟོབས་རང་སྤེལ་གྱི་གྲོས་འདོན་ལ་སྐུལ་འདེད་གཏོང་བའི་ཆེད་དུ་རེད། 

བསྒྲགས་པ་ལྟར་ན། མཚོན་ཆ་དང་སྒྲིག་ཆས་སྐོར་དེར་མཁའ་དམག་གི་ཉེན་བརྡ་གཏོང་བ་དང་ཚོད་འཛིན་མ་ལག་དྲུག་དང་། མཚོ་དམག་གི་རབས་གསར་བའི་སྐོར་ཞིབ་གྲུ་གཟིངས་བཅུ་གཅིག་དང་སྐོར་འདེད་འཕུར་མདའ་སོ་བརྒྱད། དེ་མིན་སྐམ་དམག་གི་རྣམ་པ་གསར་བའི་ཟམ་པའི་མ་ལག་བཞི་བཅུ་བཅས་འདུས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།