ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ནས་མི་ཁྲི13ལྷག་ལ་པྲོག་གསར་གློ་ཚད་འགོག་སྨན་བརྒྱབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱིན་ཇིའི་རིམས་འགོག་འགོག་སྨན་གསར་པ་སྒྲིག་སྦྱོར་གྱི་འགན་འཁུར་མཁན་བློན་ཆེན་ན་ཆི་མུའུ·ཀྲ་ཧ་ཝེས་ཚེས16ཉིན་བཤད་པར། དབྱིན་ཇིས་འགོག་སྨན་གསར་པ་རྒྱག་པའི་རྣམ་གྲངས་ལག་ཏུ་བསྟར་བའི་གཟའ་འཁོར་དང་པོར་ཁྱོན་མི137897ལ་འགོག་སྨན་བརྒྱབ་པ་རེད།

ཀྲ་ཧ་ཝེས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག“འགོག་སྨན་གསར་བའི་རྣམ་གྲངས་ཀྱི་འགོ་ཡག་པོ་ཚུགས་ཡོད། ཉིན7རིང་། ང་ཚོས་དབྱིན་ཀེ་ལན་གྱི་མི108000དང་། ཝེར་ཧྲི་མི7897། ཨིར་ལན་བྱང་མའི་མི4000། སུའུ་ཀེ་ལན་གྱི་མི18000བཅས་དབྱིན་ཇིར་ཁྱོན་བསྡོམས་མི་གྲངས137897ལ་འགོག་སྨན་གསར་བ་བརྒྱབ་ཡོད་ཅེས་བྲིས་ཡོད། 

དབྱིན་ཇིས་ཟླ་འདིའི་ཚེས2ཉིན་ཨ་རིའི་ཧུའེ་རུའེ་སྨན་རྫས་ཀུང་སི་དང་འཇར་མན་སྐྱེ་དངོས་ལག་རྩལ་གསར་པ་ཀུང་སིས་མཉམ་ལས་ཐོག་ཞིབ་འཇུག་གསར་སྤེལ་བྱས་པའི་འགོག་སྨན་གསར་པ་དེ་སྤྱོད་རྒྱུའི་ཆོག་མཆན་སྤྲད་པ་རེད། ཚེས8ཉིན་ནས་བཟུང་འགོག་སྨན་དེ་བེད་སྤྱོད་བྱེད་འགོ་ཚུགས་པ་དང། གོ་ལ་ཧྲིལ་པོར་འགོག་སྨན་དེ་སྤྱོད་མཁན་གྱི་རྒྱལ་ཁབ་ཐོག་མ་རུ་གྱུར་ཡོད། 

དབྱིན་ཇི་སྲིད་གཞུང་གིས་ཧུའེ་རུའེ་ཀུང་སིར་འགོག་ཁབ་ཁྲི4000མངག་ཉོ་བྱས་པ་དང་། འགོག་ཁབ་ཁག་དང་པོ་ཧ་ལམ་ཁྲི80ཙམ་འབྱོར་བ་དང་དེ་དག་སྔོན་ལ་ནད་སྐྱོང་ཁང་གི་རྒན་རྒོན་དང་ལྟ་སྐྱོང་པ། ལོ80ཡན་གྱི་རྒན་རྒོན། སྨན་བཅོས་ནད་སྐྱོང་བ་ཁག་གཅིག་ལ་རྒྱབ་པ་རེད། འགོག་སྨན་རྒྱག་མཁན་ལ་འགོག་སྨན་གཉིས་རྒྱག་དགོས་པ་དང་། སྔ་གཞུག་གི་བར་མཚམས་ཉིན21ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།