ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིང་གིས་ལོ་འཁོར་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་ཨུ་ཀྲུང་འབྲེལ་བར་ཚད་མཐོའི་གདེང་འཇོག་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ12པའི་ཚེས17ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ཕུའུ་ཅིང་གིས་ལོ་འཁོར་གྱི་གསར་འགོད་པའི་ཚོགས་འདུ་ཐད་གཏོང་བྱེད་སྐབས་ཀྱི་པར་རིས་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ལོ་འཁོར་གྱི་གསར་འགོད་པའི་ཚོགས་འདུ་སྟེང་ཨུ་རུ་སུ་དང་ཀྲུང་གོ་བར་གྱི་འབྲེལ་བར་ཚད་མཐོའི་གདེང་འཇོག་བྱས། ཁོང་གིས་རྒྱལ་ཁབ་གཉིས་ལ་ཁྱབ་ཁོངས་མང་པོ་ཞིག་ཏུ་ཐུན་མོང་གི་ཁེ་ཕན་ཡོད་ལ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཕན་ཚུན་ཡིད་ཆེས་དང་དངོས་སྒྲུབ་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་བར་གྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཅེས་བཤད།

རིམས་ནད་ཀྱི་དབང་གིས་ཕུའུ་ཅིང་གིས་ཉིན་དེར་མོ་སི་ཁོའི་གྲོང་འདབས་སུ་གནས་པའི་དཔོན་ཤག་ནས་བརྙན་ལམ་བརྒྱུད་དེ་གསར་འགོད་པ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས། དེ་དུས་ད་དུང་ཨུ་རུ་སུ་དང་འབྲེལ་བའི་དཔལ་འབྱོར་དང་སྤྱི་ཚོགས། ཕྱི་འབྲེལ་སོགས་ཀྱི་གནད་དོན་ལ་ལན་བཏབ་པ་རེད།

ཕུའུ་ཅིང་གིས་རིམས་ནད་གསར་པས་ཨུ་རུ་སུ་དང་དེ་མིན་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། 2020ལོར་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན3.6%མར་ཆག་རྒྱུ་དང་། ལས་ཀ་ཤོར་ཚད་སྔོན་དཔག་བྱས་ན6.3%ལ་སླེབས་རྒྱུ་དང་དོན་དངོས་ཀྱི་གླ་ཕོགས་འཕར་ཚད་སྔོན་དཔག་བྱས་ན1.5%ལས་འཕར་མེད་པ་རེད། འོན་ཀྱང་ཨུ་རུ་སུའི་དཔལ་འབྱོར་གནས་བབ་ཡོ་རོབ་གླིང་དང་ཨ་རིའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་ལེགས་པ་རེད་ཅེས་བཤད།

 ཕུའུ་ཅིང་གིས་བསྟན་དོན། རིམས་ནད་བྱུང་མ་ཐག་པའི་སྐབས་སུ་ཨུ་རུ་སུ་ཡིས་བྱ་སྤྱོད་དངོས་ཀྱི་སྟེང་ནས་མཐའ་མཚམས་བཀག་སྡོམ་དང་གྲལ་བཤེར་བྱས་པ་མ་ཟད། མ་དངུལ་འབོར་ཆེན་བཏང་ནས་རིམས་ནད་ལ་འགོག་རྒོལ་བྱས། ཁོང་གིས་རང་རྒྱལ་ཁབ་ཀྱི་རིམས་འགོག་ལས་དོན་དང་འཕྲོད་བསྟེན་བདེ་ཐང་གི་མ་ལག་ལ་ཁས་ལེན་གང་ལེགས་གནང་བ་རེད།

འདི་ནི་ཟླ12པའི་ཚེས17ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ཕུའུ་ཅིང་གིས་བརྙན་ལམ་བརྒྱུད་ནས་ལོ་འཁོར་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་པའི་རྣམ་པ་རེད།

ཨུ་རུ་སུ་དང་ཨ་མེ་རི་ཁ་བར་གྱི་འབྲེལ་བའི་སྐོར་གླེང་སྐབས་ཕུའུ་ཅིང་གིས་ཨུ་རུ་སུ་ཡིས་ཨ་རིའི་ཙུང་ཐུང་འདེམས་བསྐོ་ནང་ཞུགས་མེད་ལ། ཁོང་གིས་བདམས་བསྐོ་བྱས་པའི་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་རྒྱལ་ཁབ་གཉིས་བར་གནས་པའི་གནད་དོན་ལ་ཐག་གཅོད་བྱེད་འགོ་འཛུགས་རྒྱུའི་རེ་བ་ཡོད་ཅེས་གསུངས། ཁོང་གིས་ད་དུང་ཨུ་རུ་སུས《འཐབ་ཇུས་མཚོན་ཆ་གསར་པ་ཉུང་གཏོང་གི་ཆིངས་ཡིག》རིང་དུ་གཏོང་རྒྱུའི་ཐད་ཨ་རི་དང་གྲོས་བསྡུར་བྱ་རྩིས་ཡོད་མོད། དེར་ཨ་རི་ཕྱོགས་ཀྱིས་ཨ་ལན་སློག་དགོས་ཞེས་བཤད།

ཐེངས་འདིའི་ལོ་འཁོར་གྱི་གསར་འགོད་པའི་ཚོགས་འདུར་ཁྱོན་ཆུ་ཚོད4ལྷག་རིང་ཚོགས་ལ་ཚོགས་ཐོག་ཏུ་ཨུ་རུ་སུ་དང་ཕྱི་རྒྱལ་གྱི་གསར་འགོད་པ700ལྷག་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།