ཧིན་རྡུ་རྒྱལ་སྲུང་པུའུ་ཡིས་ཨ་སྒོར་དུང་ཕྱུར38ལྷག་གི་གོ་མཚོན་སྒྲིག་ཆས་ཉོ་སྒྲུབ་བྱ་རྒྱུའི་ཐག་བཅད་པ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་ཧིན་རྡུ་རྒྱལ་སྲུང་པུའུ་ཡིས་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་ལ་ལུའུ་པི་དུང་ཕྱུར2800(ཨ་སྒོར་དུང་ཕྱུར་38ལྷག)ཡི་གོ་མཚོན་སྒྲིག་ཆས་ཉོ་སྒྲུབ་བྱ་རྒྱུའི་ཐག་བཅད།

 ཧིན་རྡུ་རྒྱལ་སྲུང་པུའུ་ཀྲང་ལ་ཅེ་ན་ཐེ·ཤིན་ཀེ་ཡིས་ཉིན་དེའི་རྒྱལ་སྲུང་ཉོ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གཙོ་སྐྱོང་གནང་སྐབས་ཆོད་དོན་འདི་ཐག་བཅད་པ་རེད། ཧིན་རྡུ་རྒྱལ་སྲུང་པུའུ་ཡི་གསལ་བསྒྲགས་ཤིག་གི་ནང་། དེའི་ཁྲོད་ཀྱི་ལུའུ་པི་དུང་ཕྱུར2700(ཨ་སྒོར་དུང་ཕྱུར36.7ལྷག)ཡིས་རང་རྒྱལ་ཁབ་ཀྱི་བཟོ་ལས་སྡེ་ཚན་གྱིས་ཐོན་སྐྱེད་བྱས་པའི་གོ་མཚོན་སྒྲིག་ཆས་ཉོ་སྒྲུབ་བྱ་རྒྱུ་ཡིན་ལ། དེའི་དམིགས་ཡུལ་ནི་སྲིད་གཞུང་གི“ཧིན་རྡུའི་གསར་སྐྲུན”དང“རང་སྟོབས་རང་སྤེལ”གྱི་གྲོས་འགོར་སྐུལ་འདེད་གཏོང་རྒྱུ་དེ་རེད་ཟེར།

 གནས་ཚུལ་སྤེལ་བར་གཞིགས་ན། གོ་མཚོན་སྒྲིག་ཆས་དེ་དག་ཁྲོད་མཁའ་དམག་གི་མཁའ་དབྱིངས་ཀྱི་སྔོན་ཚུད་ཉེན་བརྡ་དང་ཚོད་འཛིན་མ་ལག6དང་། མཚོ་དམག་གི་སྐོར་ཞིབ་དམག་གྲུ་རབས་གསར་པ11། “པུའུ་ལ་མོ་སི”སྒྲ་བརྒལ་མྱུར་ཚད་ཀྱི་སྐོར་གཡེང་འཕུར་མདེལ38། སྐམ་དམག་གི་དཔེ་དུམ་ཅན་གྱི་ཟམ་འཛུགས་མ་ལག་གསར་པ40བཅས་འདུས་ཡོད་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།