ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་རྒྱལ་སྲུང་བློན་ཆེན་གྱིས་ཨ་མེ་རི་ཁས་ཐུར་ཁེ་ལ་བཀག་སྡོམ་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་གྱིས་ཚེས་བཅོ་ལྔ་ཉིན་ཨ་མེ་རི་ཁས་ཉེ་སྔོན་ཐུར་ཁེ་ལ་བཀག་སྡོམ་བྱེད་པའི་ཆོད་དོན་སྤེལ་བར་རྒོལ་གཏམ་བཏང་བ་དང་། ཐུར་ཁེ་ཕྱོགས་ཀྱིས་རྒྱལ་སྲུང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནན་བཤད་བྱས། 

ཨ་ཁཱ་ཨར་གྱིས་བཤད་རྒྱུར། ཐུར་ཁེ་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་དག་གི་འབྲེལ་བ་དང་མི་འཚམ་ཞིང་མིག་སྔའི་དམག་དོན་དང་ཆབ་སྲིད་ཀྱི་དངོས་ཡོད་དང་མི་འཚམ་པའི་ཆོ་དོན་དེར་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། ཐུར་ཁེ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་སྲུང་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

ཐུར་ཁེའི་རྒྱལ་སྲུང་བཟོ་ལས་ཅུའུ་ཡི་ཅུའུ་ཀྲང་ཏི་མུས་ཨར་གྱིས་བསྟན་དོན། ཐུར་ཁེ་ཡིས་སྒེར་ཚུགས་ཀྱི་རྒྱལ་སྲུང་བཟོ་ལས་ཐོབ་པའི་ཆོད་སེམས་ཡོད་པ་དང་། ཐུར་ཁེའི་རྒྱལ་སྲུང་བཟོ་ལས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅུ་བཞིའི་ཉིན་ཐུར་ཁེ་ཡིས་ཨུ་རུ་སིས་བཟོས་པའིS-400རྟགས་ཅན་གྱི་མཁའ་སྲུང་མ་ལག་ཉོ་བསྡུ་བྱས་པ་རྒྱུ་མཚན་དུ་བྱས་ཏེ་ཐུར་ཁེ་རྒྱལ་ཁབ་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས། བྱེ་བྲག་གི་བྱེད་ཐབས་ལ་ཐུར་ཁེའི་རྒྱལ་སྲུང་བཟོ་ལས་ཅུའུ་ལ་ཨ་མེ་རི་ཁའི་ཐོན་རྫས་ལག་རྩལ་ཕྱིར་གཏོང་གི་ཆོག་མཆན་སྟེར་བ་གཏན་འགོག་བྱས་པ་དང་། ཅུའུ་དེའི་ཅུའུ་ཀྲང་ཏི་མུས་ཨར་སོགས་དཔོན་པོ་འགར་རྒྱུ་ནོར་བཀག་ཉར་དང་ལམ་ཡིག་ཚོད་འཛིན་སོགས་ཀྱི་བྱེད་ཐབས་སྤྱོད་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།