ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་འདེམས་བསྐོ་ཆེན་མོའི་འཕེལ་རིམ་གསར་བར་དོ་སྣང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་མངའ་སྡེ50དང་ཧྭ་ཧྲེང་ཏུན་གྱི་ཁོ་ལོམ་པི་ཡ་དམིགས་བསལ་ཁུལ་གྱིས2020ལོའི་འདེམས་བསྐོ་ཆེན་མོའི་མཇུག་འབྲས་གཏན་ཁེལ་བྱས་པ་དང་འབྲེལ་ཚེས14ཉིན་འདེམས་མིའི་གྲོས་ཚོགས་བསྡུས་ནས་ཙུང་ཐུང་དང་ཙུང་ཐུང་གཞོན་པ་བདམས་ཐོན་བྱུང་། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཚེས15ཉིན་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་འདེམ་བསྐོའི་མཇུག་འབྲས་ལ་དོ་སྣང་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ11པའི་ཚེས25ཉིན་གློག་འཕྲིན་བཏང་སྟེ་སྐུ་ཞབས་པའེ་ཏིན་ཨ་རིའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡིན་ཡང་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཕན་ཚུན་གདོང་གཏུག་མི་བྱེད་པ་དང་ཁ་གཏད་དུ་མི་ལངས་པ། ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཕན་གྱི་སྙིང་སྟོབས་བཅངས་ནས་མཉམ་ལས་ལ་དམིགས་རྒྱུ་དང་། མི་མཐུན་སར་དོ་དམ་ཚོད་འཛིན་བྱས་ནས་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་འདོད་ཚུལ་བསྟན་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།