ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན། ཐུར་ཁེས་ཨུ་རུ་སིས་བཟོས་པའིS-400མཁའ་འགོག་མ་ལག་ཉོ་རྒྱུ་རྒྱུ་མཚན་དུ་བྱས་ནས། ཐུར་ཁེ་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས།
ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕེ་ཨའོ་ཡིས་ཉིན་དེའི་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། ཨ་མེ་རི་ཁསS-400མ་ལག་ཉོ་སྒྲུབ་བྱ་བར་འགན་འཁུར་མཁན་གྱི་ཐུར་ཁེའི་རྒྱལ་སྲུང་བཟོ་ལས་ཅུའུ་ལ་བཀག་སྡོམ་བྱ་རྒྱུ་ཡིན་ལ། བཀག་སྡོམ་གྱི་ཞིབ་ཕྲའི་བྱེད་ཐབས་ནང་ཐུར་ཁེའི་རྒྱལ་སྲུང་བཟོ་ལས་ཅུའུ་ལ་ཨ་མེ་རི་ཁའི་ཐོན་རྫས་དང་ལག་རྩལ་ཕྱིར་གཏོང་བྱས་ཆོག་པའི་དབང་ཆ་འགོག་རྒྱུ་ཚུད་ཡོད་པ་ལས་གཞན། ཐུར་ཁེའི་རྒྱལ་སྲུང་བཟོ་ལས་ཅུའུ་ཡི་ཅུའུ་ཀྲང་དབྱི་སི་མེར·ཏེ་སྨིར་སོགས་དཔོན་རིགས་ཁ་ཤས་ལ་རྒྱུ་ནོར་དང་ཐོབ་ཐང་དཔང་ཡིག་སོགས་ཀྱི་ཐད་ནས་ཚོད་འཛིན་བྱེད་རྒྱུ་རེད།
གསལ་བསྒྲགས་ནང་བསྟན་དོན། ད་ཐེངས་ཀྱི་བཀག་སྡོམ་སྦྱོར་བ་འདིས་ཨ་མེ་རི་ཁས་རྒྱལ་ཁབ་གཞན་དང་ཨུ་རུ་སུའི་རྒྱལ་སྲུང་དང་གསང་འཕྲིན་སྡེ་ཁག་ལ་གཞི་ཁྱོན་ཆེ་བའི་སྒོ་ནས་ཉོ་ཚོང་བྱེད་དུ་མི་འཇུག་པ་མཚོན་ཡོད་ཟེར།
གཞན་ཡང་ཐུར་ཁེའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་བཅུ་བཞི་ཉིན། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་ཐུར་ཁེར་ཕྱོགས་རྐྱང་པའི་ངོས་ནས་བཀག་སྡོམ་ལག་བསྟར་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐུར་ཁེ་ལ་བཀག་སྡོམ་བྱས་པ་དེས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཇེ་སྡུག་ཏུ་གཏོང་བའི་ངོས་འཛིན་བྱས། ཐུར་ཁེ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་འདྲ་བའི་བཀག་སྡོམ་གྱི་སྦྱོར་བ་སྤེལ་ནས་ཡ་ལན་སྤྲོད་རྒྱུ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཨ་མེ་རི་ཁས་ཐུར་ཁེས་ཨུ་རུ་སུ་ཡིས་བཟོས་པའིS-400མཁའ་འགོག་མ་ལག་ཉོ་རྒྱུ་རྒྱུ་མཚན་དུ་བྱས་ཏེ་བཀག་སྡོམ་གྱི་སྦྱོར་བ་བརྩམས།