ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཨ་མེ་རི་ཁ་ནས་པྲོག་གསར་གློ་ཚད་ཀྱིས་ཚེ་ལས་འདས་པའི་ནད་པ་ཁྲི30ལས་བརྒལ་བར་བསྟན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་རྒྱལ་ཁབ་དུ་ཡོད་པའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས14ཉིན་ཁྱབ་བསྒྲགས་བྱས་པའི་པྲོག་གསར་གློ་ཚད་ཀྱི་སྡོམ་རྩིས་གཞི་གྲངས་གསར་བ་ལྟར་ན། ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས14ཉིན་གྱི་ཆུ་ཚོད15དང་སྐར་མ26(པེ་ཅིང་གི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད4དང་སྐར་མ26བར) བར། ཨ་མེ་རི་ཁ་ནས་པྲོག་གསར་གློ་ཚད་ཀྱིས་ཚེ་ལས་འདས་པའི་ནད་པ་ཁྲི30ལས་བརྒལ་ཏེ300267ལ་སླེབས་ཡོད་པ་དང་ནད་རྟགས་ཐག་བཅད་པའི་ནད་པ16388504ལ་སླེབས་ཡོད།

གྲངས་གཞི་ལས་མངོན་པ་ལྟར་ན། ཨ་རི་རྒྱལ་ཁབ་དུ་རིམ་རྩིས་བྱས་ན་ཚེ་ལས་འདས་གྲངས་ཆེས་མང་ཤོས་ནི་ཉིའུ་གཡོད་མངའ་སྡེ་ཡིན་ལ་ཚེ་འདས་ནད་པ35643ཡོད་པ་དང་། ཏི་ཁེ་ས་སི་མངའ་སྡེ་ལ་ཚེ་འདས་ནད་པ24414ཡོད་པ་རེད། ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེ་དང་། ཧྥོ་ལུའོ་ལི་ཏ་མངའ་སྡེ། ཤིན་ཙེ་ཤིས་མངའ་སྡེ། དབྱི་ལི་ནུའོ་དབྱི་མངའ་སྡེ་བཅས་སུ་རིམ་རྩིས་བྱས་ན་ཚེ་འདས་ནད་པ་ཁྲི1.5ལས་བརྒལ་ཡོད། པིན་ཤིས་ཧྥ་ཉི་ཡ་མངའ་སྡེ་དང་། མ་ས་ཀྲུའུ་སའེ་མངའ་སྡེ། སྨི་ཤིས་ཀེན་མངའ་སྡེ། ཙུའོ་ཀྲི་ཡ་མངའ་སྡེ་བཅས་སུ་རིམ་རྩིས་བྱས་ན་ཚེ་འདས་ནད་པ་ཁྲི1ལས་བརྒལ་ཡོད་པ་རེད།

 ཨ་མེ་རི་ཁ་ནས་པྲོག་གསར་གློ་ཚད་ཀྱིས་ཚེ་འདས་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། ཟླ5བའི་ཚེས27ཉིན་ཚེ་འདས་ནད་པ་ཁྲི10ལས་བརྒལ་ཞིང་། ཟླ9བའི་ཚེས22ཉིན་ཁྲི20ལས་བརྒལ་ཡོད། ཁྲི10ནས་ཁྲི20བར་ཟླ4ཙམ་ལས་འགོར་མེད་ལ། ཁྲི20ནས་ཁྲི30བར་ཟླ3ཡང་འགོར་མེད་པ་རེད།

གཞི་གྲངས་དེ་དག་ནི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་ནད་དུག་གསར་བ་ཞིབ་འཇུག་རྣམ་གྲངས་གིས་དུས་ཐོག་ཏུ་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲངས་གཞི་ཕྱོགས་བསྡུས་བྱས་པ་ལས་མངོན་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།