ཀྲུང་གོ་བོད་ཀྱི་དྲ་བ།

རུ་ཝང་ཏ་ནས་རིམས་ནད་འཕར་ཚད་ཇེ་མང་དུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རུ་ཝང་ཏའི་འཕྲོད་བསྟེན་པུའུ་ཀྲང་ཏ་ནེར་ཨིན་རྒྱ་མིས་ཅེ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། མིག་སྔར་རྒྱལ་ཁབ་འདིའི་པྲོག་གསར་གློ་ཚད་རིམས་ནད་བྱུང་པའི་ནད་པའི་ཁ་གྲངས་ཇེ་མང་དུ་སོང་པ་མ་ཟད། ཤི་བའི་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པས། རུ་ཝང་ཏའི་རིམས་ནད་ཀྱི་གནས་ཚུལ་ཉེན་ཁའི་དུས་རིམ་དུ་སླེབས་ཡོད་ཟེར། ཁོས་དམངས་ཡོངས་ཀྱིས་རིམས་འགོག་བྱེད་ཐབས་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། དགོས་མེད་ཀྱི་གནས་ཚུལ་འོག་ནས་མི་ཚོགས་འདུ་ས་དང་སྤྱི་ཚོགས་འབྲེལ་འདྲིས་མཉམ་འཛོམས་ཀྱི་བྱ་འགུལ་ལ་མི་ཞུགས་པའི་འབོད་སྐུལ་བཏང་།

ཨིན་རྒྱ་མིས་ཅེ་ཡིས་ཚེས་བཅུ་གསུམ་ཉིན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བགྲོ་གླེང་ལེ་ཚན་ནང་རིམས་ནད་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་དུས་བཤད་རྒྱུར། རུ་ཝང་ཏ་ཡིས་རྒྱལ་ཡོངས་རང་བཞིན་གྱི་མཁར་སྒོ་རྒྱག་པའི་བྱེད་ཐབས་མེད་པར་བཟོས་ནས་དཔལ་འབྱོར་སྒོ་འབྱེད་ཀྱི་བྱ་འགུལ་སྤེལ་བ་ནས་བཟུང་། མང་ཚོགས་ཀྱིས་རིམས་ནད་ལ་དོ་སྣང་དེ་ཙམ་མ་བྱས་པར་མི་དང་མིའི་བར་འབྲེལ་འདྲིས་བྱེད་ཚུལ་ཇེ་མང་དུ་སོང་པ་དང་། ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བའི་རིམས་འགོག་གཏན་སྲོལ་སྣང་མེད་དུ་བཞག་པས་མིག་སྔའི་རིམས་ནད་འཕར་ཚད་ཇེ་མང་དུ་སོང་བའི་མཇུག་འབྲས་འདི་བྱུང་པ་རེད། ཡེ་ཤེས་འཁྲུངས་སྐར་གྱི་གནང་བའི་དུས་ཚོད་ཐོན་ལ་ཉེ་བ་དང་བསྟུན་ནས། རིམས་འགོག་སྣང་མེད་འཇོག་པའི་བྱ་སྤྱོད་འདིས་མི་མང་པོར་ནད་འགོ་ཚད་ཇེ་མང་དུ་འགྲོ་སྲིད་པའི་ཉེན་ཁ་ཆེན་པོ་འདུག་ཟེར།

ཁོས་ད་དུང་བསྟན་དོན། རུ་ཝང་ཏ་ལ་ཟླ་ངོ་གསུམ་གྱི་རྗེས་ནས་པྲོག་གསར་གློ་ཚད་ཀྱི་འགོག་སྨན་འབྱོར་བའི་དུས་ཆད་བྱས་ཡོད་ལ། ཧྥེ་གླིང་གི་འགོག་སྨན་འབྱོར་བའི་རྒྱལ་ཁབ་ཆེས་ཐོག་མ་ཡིན། འགོག་སྨན་དངོས་སུ་འབྱོར་ཚེ་འགོག་སྨན་རྒྱག་པའི་བྱ་བ་ཁག་བགོས་བྱས་ཏེ། ཐོག་མར་ཉེན་ཁ་ཆེས་ཆེ་བའི་མི་ཚོགས་དང་རྨང་གཞིའི་ནད་པ་དག་ལ་འགོག་ཁབ་རྒྱག་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།