ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིས་རྒྱལ་ཁབ་ནང་ཁུལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་བརྒྱ་དང་དྲུག་ཅུ་ལྷག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་གཉིས་ཉིན།  ཧྥ་རན་སིའི་གྲོང་ཁྱེར་མང་པོ་ཞིག་ནས་རྒྱལ་ཁབ་ནང་ཁུལ་གྱི་མིས་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་། མིག་སྔར་ཉུང་མཐར་ཡང་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་བརྒྱ་དང་རེ་བཞི་འཛིན་བཟུང་བྱས་ཡོད།

ཧྥ་རན་སིའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་ཕ་རི་སི་དང་ལིས་ཨང་། མོང་པི་ལི་ཨའེ་སོགས་གྲོང་ཁྱེར་ཚུད་པའི་ཧྥ་རན་སིའི་ས་ཆ་མང་པོ་ནས་རྔམ་སྟོན་ཁྲོམ་སྐོར་གྱི་སྦྱོར་བ་སྤེལ་ཏེ།  ཧྥ་རན་སི་སྲིད་གཞུང་གིས་ཉེ་དུས་བཏོན་པའི《ཁྱོན་ཡོངས་བདེ་འཇགས་བཅའ་ཁྲིམས》ཀྱི་ཁྲིམས་གཞིར་ངོ་རྒོལ་བྱས། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་ཚོས་སྲིད་གཞུང་ལ《ཁྱོན་ཡོངས་བདེ་འཇགས་བཅའ་ཁྲིམས》་ཀྱི་ཁྲིམས་གཞིའི་ནང་གསེས་དོན་ཚན་ཉེར་བཞི་པ་སོགས་མེད་པར་བཟོ་དགོས་པའི་བླང་བྱ་བཏོན།

ཧྥ་རན་སིའི་ནང་སྲིད་པུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན།  ཉིན་དེར་ཧྥ་རན་སི་ཡོངས་སུ་རྔམ་སྟོན་ཁྲོམ་སྐོར་ནང་ཞུགས་མཁན་མི་གྲངས་ཁྲི་གཉིས་དང་སྟོང་དྲུག་ལས་བརྒལ་ཡོད་ཅིང་།  ཕ་རི་སི་སོགས་སུ་ཁྲོམ་སྐོར་བྱེད་མཁན་གྱི་འཚང་ཁའི་ཁྲོད་དུ་རྡུང་བཅོམ་བྱེད་མཁན་ཐོན་པས། ཉེན་རྟོག་ཕྱོགས་ཀྱིས་ཉུང་མཐར་ཡང་མི་བརྒྱ་དང་རེ་བཞི་འཛིན་བཟུང་བྱས།  བསྒྲགས་པའི་གནས་ཚུལ་ལྟར་ན། ལིས་ཨང་ནས་ཉེན་རྟོག་ཕྱོགས་དང་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་བར་འགལ་བ་བྱུང་བར་བརྟེན། ཉེན་རྟོགས་ཕྱོགས་ཀྱིས་དུད་འཕྱུར་འབར་མདེལ་བཀོལ་སྤྱོད་བྱས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།