ཐུར་ཁེ་ཡིས་ལི་པི་ཡ་རུ་བཅའ་སྡོད་བྱེད་པའི་ཐུར་ཁེའི་དམག་གི་བཅའ་སྡོད་དུས་ཡུན་ཇེ་རིང་དུ་གཏོང་རྒྱུའི་འཆར་གཞི་བཟོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གཉིས་ཉིན་རྒྱལ་དམངས་གྲོས་ཁང་ཆེན་པོར་གྲོས་གཞི་གཅིག་སྤྲད་དེ། ལི་པི་ཡ་རུ་བཅའ་སྡོད་བྱས་པའི་ཐུར་ཁེའི་དམག་དཔུང་གི་བཅའ་སྡོད་དུས་ཡུན་ཟླ་བཅོ་བརྒྱད་ཀྱིས་ཇེ་རིང་ལ་གཏོང་རྒྱུའི་འཆར་གཞི་བཟོས།

ཐུར་ཁེ་ཨ་ན་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། གྲོས་གཞི་དེའི་ནང་བསྟན་དོན། མིག་སྔར་ལི་པི་ཡའི་གནས་བབ་ཀྱིས་ཐུར་ཁེ་དང་ས་ཁུལ་ཧྲིལ་བོར་ཉེན་ཁ་བཟོས་ཡོད་པ་དང་། ཐུར་ཁེ་དམག་དཔུང་བཅའ་སྡོད་བྱས་པ་ནི་ལི་པི་ཡའི་རྒྱལ་དམངས་དམག་གིས་ཡང་བསྐྱར་འཇབ་རྒོལ་བྱེད་པར་བཀག་འགོག་བྱེད་པ་མ་ཟད། ཐུར་ཁེ་ཡི་ས་དབུས་རྒྱ་མཚོ་དང་ཨ་ཧྥེ་རུ་ཁའི་བྱང་རྒྱུད་ས་ཁུལ་གྱི་ཁེ་ཕན་ལ་གནོད་པ་ཐེབས་པར་བཀག་འགོག་བྱེད་པའི་ཆེད་ཡིན་ཟེར།

གྲོས་གཞིའི་ནང་བཤད་རྒྱུར། ཐུར་ཁེ་ཡིས་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་བར་བཀོད་པའི་བདེ་འཇགས་དང་དམག་དོན་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་ལྟར། མུ་མཐུད་དུ་ལི་པི་ཡར་དམག་དོན་སྦྱོང་བརྡར་དང་བློ་འདྲིའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། ཐུར་ཁེ་རྒྱལ་དམངས་གྲོས་ཁང་གིས་སྔོན་རྩིས་གྱོད་གཞིའི་གྲོས་ཞིབ་མཇུག་རྫོགས་རྗེས་གྲོས་གཞི་དེར་གྲོས་ཞིབ་བྱེད་རྒྱུའི་འཆར་གཞི་ཡོད་ལ། སྔོན་རྩིས་གྲོས་གཞི་དེར་ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་གྲོས་སྡུར་བྱེད་རྒྱུ་གཏན་ཁེལ་བྱས་ཡོད།

ད་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན། ཐུར་ཁེ་གྲོས་ཁང་གིས་ལི་པི་ཡ་ལ་དམག་གཏོང་བའི་གྲོས་གཞིར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།