ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་མནའ་འབྲེལ་གྱི“Bའཆར་གཞིས”དབྱིན་ཇི“གྲོས་མཐུན་མེད་པར་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འབུད་བྱ་རྒྱུར”ཁ་གཏད་གཅོག་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་ཉིན་རྗེས་སྣོན་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། ལོ་མཇུག་ཏུ་འབྱུང་སྲིད་པའི་དབྱིན་ཇི“གྲོས་མཐུན་མེད་པར་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འབུད་བྱ་རྒྱུར”ཁ་གཏད་འཇལ་ནས། ཉ་ལས་དང་མཁའ་འགྲུལ། ལྕགས་ལམ། གཞུང་ལམ་བཅས་ཀྱི་མི་སྣ་སྐོར་སྐྱོད་དང་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུར་ཤུགས་རྐྱེན་བཟོ་སྲིད་ཟེར།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་པའོ་ལི་སི·ཡོ་ཧན་ཞོན་གྱིས་ཚེས་དགུ་ཉིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨུར་སུའུ་ལ·ཧྥེང་ཏེ་ལའེ་ཨེན་དང་མཉམ་དུ་དགོང་ཟས་ལ་རོལ་ནས། ད་ལོའི་ལོ་མཇུག་གི་སྔོན་དུ་དབྱིན་ཇི་དང་ཡོ་རོབ་གླིང་གི་མ་འོངས་པའི་འབྲེལ་བའི་གྲོས་མཐུན་འཇོག་པར་སྐུལ་འདེད་གཏོང་བར་འབད་མོད། འོན་ཀྱང་ཕྱོགས་གཉིས་པོའི་བར་ མི་མཐུན་པའི་ཆ་སྔར་བཞིན་གནས་ཡོད་པར་བརྟེན།  ཚེས་བཅུ་གསུམ་ཉིན་མཐའ་མའི་རྟིང་ཐག་གཅོད་པར་ད་དུང་གྲོས་མོལ་བྱེད་དགོས་མིན་ལ་ཐད་ཀར་རག་ལས་ཡོད།

དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཏོ་སྨི་ཉི་ཁེ·ལ་པུའུ་ཡིས་ཚེས་བཅུ་ཉིན་དབྱིན་ཇིའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་དོན། ཚེས་བཅུ་གསུམ་ཉིན་ནི་གལ་འགངས་ཆེ་བའི་དུས་སྐབས་ཤིག་ཡིན་ཞིང་། “ངས་བལྟས་ན་ང་ཚོས་ཐག་གཅོད་ཅིག་བྱེད་དགོས་འདུག”ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།