ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་མེ་རི་ཁར་དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་ཁྲོད་ཕྱིར་ཞུགས་པའི་འགན་འཁྲི་ཡོད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལིས་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁར་ཕྱིར་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་ཁྲོད་ཞུགས་པའི་འགན་འཁྲི་དང་གྲོས་མཐུན་ལག་བསྟར་བྱེད་པའི་འོས་འགན་ཡོད་ཟེར།

གསལ་བསྒྲགས་ནང་ཀྲ་ལིས་ཧྥུའུ་ཡིས་གཏམ་བཤད་བྱས་པའི་དུས་ཚོད་གསལ་བོ་བཤད་མེད། ཀྲ་ལིས་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་དབྱི་ལང་ཉིང་རྡུལ་གྲོས་མཐུན་གྱི་མ་འོངས་པར་རེ་བ་ཆེན་པོ་བཅངས་ཡོད། ཨ་མེ་རི་ཁས་དབྱི་ལང་མི་དམངས་ཀྱི་ཁེ་དབང་ལ་གནོད་བསྐྱལ་ན་ཡང་། དམིགས་འབེན་གཅིག་ཀྱང་མངོན་འགྱུར་བྱས་མེད། དབྱི་ལིང་ཉིང་རྡུལ་གྲོས་མཐུན་ལས་ཕྱིར་འབུད་པའི་གནད་དོན་ཐད་ནས་ཨ་མེ་རི་ཁ་ནི་ཕམ་ཁ་ཉོ་མཁན་ཡིན་ལ། དེ་དང་མཉམ་དུ་སུ་ལ་ཡང་རྒྱལ་ཁ་ཐོབ་མེད་དེ། རྒྱུ་མཚན་ནི་དབྱི་ལང་མི་དམངས་ཀྱི་གནོན་ཤུགས་ཀྱང་ཧ་ཅང་ཆེ་ཟེར། ཁོས་མིག་སྔར་གྱི་གནས་བབ་དེ་གཉིས་རྒྱལ་དུ་བསྒྱུར་དགོས་པའི་འབོད་སྐུལ་བཏང་།

ཉེ་ལམ། དབྱི་ལིང་ཉིང་རྡུལ་གྲོས་མཐུན་དེ་ཡང་བསྐྱར་རྒྱལ་སྤྱིའི་གནད་དོན་གལ་ཆེན་དུ་གྱུར་ཡོད་ལ། རྒྱལ་ཁབ་མང་པོས་རྣམ་འགྱུར་གསལ་སྟོན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།