​ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་འདྲ་མཚུངས་བཀག་སྡོམ་ལག་བསྟར་བྱེད་པར་ཐག་བཅད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིན་སྔོན་ཨ་རིའི་ཕྱོགས་ཀྱིས་ཤང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ14ལ་བཀག་སྡོམ་བྱ་རྒྱུ་ཁྱབ་བསྒྲགས་བྱས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས10ཉིན་ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་ངོ་རྒོལ་བྱེད་པའི་བྱེད་ཐབས་ཁྱབ་བསྒྲགས་བྱས།

    ཧྭ་ཁྲུན་ཡིང་གིས་གསར་འགོད་པའིཚོགས་འདུའི་སྟེང་བཤད་རྒྱུར། ཨ་རི་ཕྱོགས་ཀྱིས་ཤང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བཟོས་ཏེ། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་བཏང་བར་དམིགས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཤང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་སྤྱོད་ཚུལ་ངན་པ་དང་འགན་འཁྲི་གཙོ་བོ་འཁུར་མཁན་གྱི་ཨ་རིའི་སྲིད་འཛིན་སྡེ་ཚན་གྱི་འགོ་ཁྲིད་དང་། རྒྱལ་ཚོགས་ཀྱི་མི་སྣ། སྲིད་གཞུང་མིན་པའི་རྩ་འཛུགས་མི་སྣ་དང་དེ་དག་གི་ཐད་ཀའི་གཉེན་ཉེ་སོགས་ལ་བཀག་སྡོམ་བྱེད་རྒྱུ་གཏན་འབེབས་བྱས། དུས་མཚུངས་སུ་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་ཕྱི་འབྲེལ་ཕྱིར་སྐྱོད་ལག་ཁྱེར་ཡོད་པའི་མི་སྣས་གནས་སྐབས་ཤང་ཀང་དང་ཨའོ་མོན་ལ་འཚམས་འདྲི་བྱེད་པའི་ཐོབ་ཐང་མེད་པར་བཟོ་བའི་གཏན་འབེབས་ཀྱང་བྱས།

   ཧྭ་ཁྲུན་ཡིང་གིས “ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཤང་ཀང་གི་ལས་དོན་ལ་ཐེ་གཏོགས་བྱེད་མཚམས་འཇོག་རྒྱུ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་རྒྱུར་ནན་སྐུལ་བྱས་པ་མ་ཟད། ཨ་རི་ཕྱོགས་ནས་ཉེན་ཁ་དང་ནོར་འཁྲུལ་གྱི་བགྲོད་ལམ་སྟེང་སྔར་ལས་ལྷག་པར་ཉེན་ཁ་དང་ནོར་འཁྲུལ་གྱི་ཕྱོགས་སུ་མི་འགྲོ་བར་ནན་གྱིས་སྐུལ”ཞེས་བཤད། །  

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།