ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་སང་ལོར་མ་བཅོས་རྡོ་སྣུམ་ཕྱིར་གཏོང་བྱེད་ཚད་ཆེ་རུ་གཏོང་རྩིས་འདུག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གི་ཙུང་ཐུང་ཧ་སང·ལུའུ་ཧ་ཉི་ཡིས་ཚེས་དགུ་ཉིན་ཏི་ཧའེ་ལན་ནས་བཤད་རྒྱུར། དབྱི་ལང་གིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་ནས་བཟུང་། མ་བཅོས་རྡོ་སྣུམ་ཕྱིར་གཏོང་བྱེད་ཚད་ཆེ་རུ་གཏོང་རྩིས་ཡོད་ཅིང་། ཉིན་རེར་ཆ་སྙོམས་མ་བཅོས་རྡོ་སྣུམ་ཕྱིར་གཏོང་བྱེད་ཚད་ཟོམ་སྣོད་ས་ཡ་གཉིས་དང་འབུམ་གསུམ་གྱི་བར་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།

དབྱི་ལང་དབྱི་སི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཙུང་ཐུང་ལུའུ་ཧ་ཉི་ཡིས་ཉིན་དེའི་ནང་བློན་ཚོགས་འདུའི་སྟེང་བཤད་རྒྱུར། སྔོན་རྩིས་ཀྱི་ཁྲིམས་གཞི་གསར་པས་དབྱི་ལང་གི་ནོར་སྲིད་དཔལ་འབྱོར་འཕར་རྒྱུར་འགན་ལེན་གང་ལེགས་བྱེད་ཐུབ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།