ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོའི་སྔོན་ཆད་ཀྱི་ཙུང་ལི་ཁུ་པིས་ཆི་པྲོག་གསར་གློ་ཚད་ཀྱི་དབང་གིས་ཚེ་ལས་འདས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དཀར་པོའི་སྨྱན་སྦྱོར་ཀྱིས་ཚེས་དགུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སི་དཀར་པོའི་སྔོན་ཆད་ཀྱི་ཙུང་ལི་ཁི་པིས་ཆི་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་ནད་གཞིའི་གནས་ཚུལ་ཇེ་སྡུག་ཏུ་སོང་ནས་ཉིན་དེའི་སྔ་དྲོར་ཚེ་ལས་འདས། ལོ་གྱ་བཞི་རེད།

རྒྱུས་ལོན་པ་ལྟར་ན། ཁི་པིས་ཆི་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་མྱུར་དུ་སྨན་ཁང་ནང་བསྐྱལ། ཉིན་དེར་ཁོའི་གློ་བའི་སྟེང་དུ་ནད་དུག་འགོས་ཚད་ཚབས་ཆེན་ཡིན་ལ། ནད་རིགས་གཞན་གྱིས་ཀྱང་རྐྱེན་བྱས་ཡོད་པས། སྨན་པས་དུས་ཐོག་ཏུ་སྨན་བཅོས་ཤུགས་ཆེར་བྱས་མོད་ཁོང་གི་ཚེ་སྲོག་ལ་སྐྱོབ་ཐབས་མ་བྱུང་པ་རེད།

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁུ་ཡིས་ཉིན་དེར་ཁུ་པིས་ཆི་ཡི་འདས་གྲོངས་ལ་མྱ་ངན་ཞུས།

ཁུ་པིས་ཆི་ནི་གཅིག་དགུ་སོ་དྲུག་ལོའི་ཟླ་དྲུག་པར་ཨུ་རུ་སི་དཀར་པོའི་མེན་སི་ཁུ་མངའ་སྡེ་རུ་སྐྱེས་ཤིང་། སུའུ་ལེན་འཐོར་ཞིག་ཏུ་སོང་རྗེས་གཅིག་དགུ་གོ་བཞི་བར་དུ་ཨུ་རུ་སི་དཀར་པོའི་ཙུང་ལི་ཐོག་མའི་འགན་འཁུར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།