ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་ནུབ་ཕྱོགས་ཀྱི་ཐེ་གཏོགས་འོག་ནས་ཁྱིམ་མཚེས་རྒྱལ་ཁབ་ལ་གྲོས་མོལ་མི་བྱེད་པའི་འདོད་བློ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཀྲ་ལིས་ཧྥུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། དབྱི་ལང་གིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཐེ་གཏོགས་བྱེད་པའི་གནས་ཚུལ་འོག་ནས་ས་ཁུལ་གྱི་གནས་བབ་ཐད་ཁྱིམ་མཚེས་རྒྱལ་ཁབ་ཁག་གཅིག་དང་གྲོས་མོལ་མི་བྱེད་པའི་འདོད་བློ་བསྟན།

ཀྲ་ལིས་ཧྥུའུ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། དབྱི་ལང་གིས་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཕུད་པའི་རྒྱལ་ཁབ་གཞན་དག་ལ་གྲོས་མོལ་བྱེད་རྒྱུ་ཡིན་ལ། དེའི་རྒྱུ་མཚན་ནི་ཨ་མེ་རི་ཁ་སོགས་གོང་གི་ནུབ་ཕྱོགས་རྒྱལ་ཁབ་དེ་དག་ནི་གནད་དོན་བཟོ་བའི་འབྱུང་རྩ་ཡིན་ཟེར།

ཀྲ་ལིས་ཧྥུའུ་ཡིས་བསྟན་དོན། དབྱི་ལང་གིས་ཐོག་མཐའ་བར་གསུམ་དུ་ཁྱིམ་མཚེས་རྒྱལ་ཁབ་བར་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། དབྱི་ལང་ཕྱོགས་ཀྱིས་ན་ནིང་བཏོན་པའི་ཧོ་ཨར་མུ་ཚིའི་ཞི་བདེའི་འཆར་གཞི་ནི་བསམ་འདུན་དེའི་ཞིབ་ཕྲའི་མངོན་སྟངས་ཡིན་ཟེར།

ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བའི་ནང་། དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྟེང་ནས་ཆེས་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་གཏམ་བཤད་སྤེལ་སྐབས། རྒྱལ་ཁབ་སོ་སོ་དབྱི་ལང་གིས་གཙོ་གཉེར་བྱས་པའི་ཧོར་མུ་ཚིའི་ཞི་བདེའི་འཆར་གཞིའི་ནང་ཞུགས་རྒྱུར་གདན་དྲངས་ནས། ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།