ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་དྲུག་དང་ས་ཡ་བཞི་འབུམ་དྲུག་སྟོང་གསུམ་བཞི་བརྒྱ་ཉེར་བརྒྱད་དུ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གློག་འཕྲིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཞི་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་དྲུག་དང་ས་ཡ་བཞི་འབུམ་དྲུག་སྟོང་གསུམ་བཞི་བརྒྱ་ཉེར་བརྒྱད་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་དགུའི་སྟེང་། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་དང་བསྡུར་ན་འབུམ་དྲུག་དང་ཁྲི་གཉིས་སྟོང་བརྒྱད་ལྔ་བརྒྱ་དང་གོ་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་བྱེ་བ་དྲུག་དང་ས་ཡ་བཞི་འབུམ་དྲུག་སྟོང་གསུམ་བཞི་བརྒྱ་ཉེར་བརྒྱད་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་དང་བསྡུར་ན་ཁྲི་གཅིག་དང་སྟོང་གཉིས་བརྒྱ་དང་རེ་གཅིག་ཇེ་མང་ལ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་འབུམ་ལྔ་དྲུག་བརྒྱ་དང་བཅུ་བཞི་ལ་སླེབས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།