ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་དྲུག་དང་ས་ཡ་གསུམ་འབུམ་གསུམ་ཁྲི་དྲུག་ཉིས་བརྒྱ་སོ་བཞིར་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་གཉིས་ཉིན་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་དྲུག་དང་ས་ཡ་གསུམ་འབུམ་གསུམ་ཁྲི་དྲུག་ཉིས་བརྒྱ་སོ་བཞིར་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་སུ་བཀོད་པའི་གཞི་གྲངས་གསར་པ་ལྟར་ན།  ཡོ་རོབ་གླིང་དབུས་ཀྱི་དུས་ཚོད་ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་ཉེར་ལྔའི་བར།  འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་བཞི་དང་ཁྲི་དགུ་སྟོང་གཅིག་བཞི་བརྒྱ་ཉི་ཤུ་ལ་སླེབས་ཡོད།  རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན།  ཁྲི་གཅིག་དང་ཉེར་བརྒྱད་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་གཅིག་དང་འབུམ་བཞི་ཁྲི་བདུན་སྟོང་ལྔ་བརྒྱད་བརྒྱ་ཉེར་ལྔར་སླེབས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།