ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དང་སེབ་རུ་སི་སོགས་རྒྱལ་ཁབ་ལྔ་ཡིས་ཏིས་ཀྲུང་ཧེ་རུ་མཉམ་འབྲེལ་དམག་སྦྱོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས1ཉིན་ཨེ་ཅིབ་དམག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་དོན། ཨེ་ཅིབ་དང་སེབ་རུ་སི། ཀེ་རི་སེ། ཧྥ་རན་སེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་རྒྱལ་ཁབ་ལྔ་ཡིས་ཉིན་ཤས་སྔོན་ལ་ཏིས་ཀྲུང་ཧེ་ཨེ་ཅིབ་མཚོ་ཁོངས་སུ་ཚབ་རྟགས་ལ“མེ་ཏུའུ་ཧྲ10”ཞེས་པའི་མཉམ་འབྲེལ་མཚོ་དམག་དང་མཁའ་དམག་གི་ནང་སྦྱོང་བྱེད་འགོ་ཚུགས་པ་རེད།

གསལ་བསྒྲགས་ནང་བསྟན་དོན། ད་ཐེངས་ཀྱི་ནང་སྦྱོང་ཉིན་ཁ་ཤས་རིང་རྒྱུན་མཐུད་བྱ་རྒྱུ་ཡིན་ཞིང་། སོ་ཏི་ཨ་རབ་དང་། ཨ་རི། པ་ལིན། དབྱི་ཐ་ལི་བཅས་རྒྱལ་ཁབ་རྣམས་ནི་ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་ཚུལ་དུ་ནང་སྦྱོང་ནང་ཞུགས་ཡོད།

གསལ་བསྒྲགས་ནང་བཤད་རྒྱུ། ནང་སྦྱོང་ནང་ཞུགས་པའི་དམག་དཔུང་གིས་ཐེངས་མང་པོར་མཚོ་དམག་དང་མཁའ་དམག་གི་མཉམ་འབྲེལ་དམག་འཐབ་ཀྱི་ནང་སྦྱོང་ནང་ཞུགས་ཏེ། བཀོད་འདོམས་དཔོན་གྱི་མཉམ་འབྲེལ་དམག་འཐབ་ལས་འགན་སྒྲུབ་པའི་ནུས་པ་སྦྱོང་བརྡར་བྱ་རྒྱུ་ཡིན་ལ། ཐེངས་འདིའི་ནང་སྦྱོང་གི་དམིགས་ཡུལ་ནི་ནང་སྦྱོང་ནང་ཞུགས་པའི་དམག་དཔུང་ཕན་ཚུན་བར་ཆེད་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ནང་སྦྱོང་ནང་ཞུགས་པའི་དམག་དཔུང་ཁག་གི་དམག་གྲབས་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།

གསལ་བསྒྲགས་ནང་ནང་སྦྱོང་བྱེད་འགོ་ཚུགས་པའི་ཞིབ་ཕྲའི་དུས་ཚོད་དང་འཁྲབ་སྟོན་ནང་ཞུགས་པའི་མི་གྲངས་སོགས་བཀོད་མེད་མོད། སྨྱན་སྦྱོར་དག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་ནང་སྦྱོང་འདི་ཟླ11པའི་ཚེས30ཉིན་ནས་ཟླ12པའིི་ཚེས6ཉིན་བར་སྤེལ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།