ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཨ་ལ་སི་ཅ་མངའ་སྡེ་ཡི་ལྷོ་ནུབ་མཚོ་ཁོངས་སུ་ས་ཡོམ་རིམ་པ6.3བརྒྱབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཨ་མེ་རི་ཁའི་ཨ་ལ་སི་ཅ་མངའ་སྡེ་ཡི་ལྷོ་ནུབ་མཚོ་ཁོངས་སུ་ཟླ12པའི་ཚེས1ཉིན་ས་ཡོམ་རིམ་པ6.3བརྒྱབ། མིག་སྔར་ད་དུང་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཅི་ཙམ་ཐེབས་ཡོད་པའི་སྙན་ཞུ་ཅི་ཡང་འབྱོར་མེད།

ཨ་རིའི་ས་གཤིས་བརྟག་དཔྱད་ཅུས་ཀྱི་ས་ཡོམ་ཆ་འཕྲིན་དྲ་བའི་གནས་ཚུལ་ལ་གཞིགས་ན། ས་ཡོམ་དེ་ཀེ་ལིན་ཉི་ཀྲི་ཡི་དུས་ཚོད་ཚེས1ཉིན་གྱི་ཆུ་ཚོད16དང་སྐར་མ22(པེ་ཅིང་གི་དུས་ཚོད་ཚེས2ཉིན་གྱི་ཆུ་ཚོད་ཀླད་ཀོར་དང་སྐར་མ22)སྟེང་བརྒྱབ་ལ། ཡོམ་ལྟེ་ནི་ཨ་ལ་སི་ཅ་མངའ་སྡེ་ཉི་ཁོར་སི་ཅི་ཡི་ཤར་ལྷོའི་སྤྱི་ལེ38ཙམ་གྱི་མཚོ་ཁོངས་སུ་གནས་ཤིང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ23ཡིན་པ་རེད།

ས་ཡོམ་བརྒྱབ་རྗེས་ཨ་རིའི་རྒྱལ་ཁབ་གནམ་གཤིས་ཅུས་རྒྱལ་ཁབ་མཚོ་ཡོམ་ཉེན་གཏོང་ལྟེ་གནས་ཀྱིས་འབྲེལ་ཡོད་མཚོ་ཡོམ་ཉེན་བརྡ་བཏང་མེད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།