ཀྲུང་གོ་བོད་ཀྱི་དྲ་བ།

ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་དུས་ཚོད་ནར་འགྱངས་བྱས་པར་འགྲོ་སོང་ཨ་སྒོར་དུང་ཕྱུར19ཡི་ཇེ་མང་དུ་སོང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་དུས་ཚོད་ནར་འགྱངས་བྱས་པར་འགྲོ་སོང་ཨ་སྒོར་དུང་ཕྱུར19ཡི་ཇེ་མང་དུ་སོང་བ།

 

 ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཉི་ཧོང་གི་ཐོ་ཁེའོ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་གཙོ་གཉེར་སྡེ་ཁག་གིས་ཚོད་རྩིས་བྱས་པར་གཞིགས་ན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་འཚོགས་པར་ལོ་གཅིག་གི་དུས་ཚོད་ནར་འགྱངས་བྱས་པར་ཉི་ཧོང་གི་སྒོར་མོ་དུང་ཕྱུར2000(ཧ་ལམ་ཨ་སྒོར་དུང་ཕྱུར19ཙམ)ལྷག་ཇེ་མང་དུ་གཏོང་དགོས་པར་བཤད།

ཉི་ཧོང་གི《ཀློག་ཚོང་གསར་འགྱུར》གྱིས་གནས་ཚུལ་རྒྱུས་མངའ་ཡོད་པའི་མི་སྣ་གསར་འགྱུར་གྱི་ཁོངས་བཅོལ་ས་བྱས་ནས་གནས་ཚུལ་སྤེལ་དོན། ཚད་བརྒལ་གྱི་འགྲོ་སོང་ནང་གླ་པར་སྤྲད་པའི་གླ་ཕོགས་དང་སྤ་སེ་ཕྱིར་སློག་མ་ལག་བཙུགས་པའི་མ་དངུལ་ལས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགྲོ་སོང་སོགས་ཚུད་མེད། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཐོ་ཁེའོ་སྲིད་གཞུང་དང་ཉི་ཧོང་ཀྲུང་དབྱང་སྲིད་གཞུང་དང་གྲོས་བསྡུར་བྱས་ནས་ཟླ12པའི་ནང་ཚད་བརྒལ་གྱི་འགྲོ་སོང་ཅི་ཙམ་བཏང་ཡོད་པའི་གྲངས་འབོར་གཏན་འཁེལ་བྱ་རྒྱུ་རེད།

 ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་མགྲིན་ཚབ་པ་ཞིག་གིས་ལུའུ་ཐོའུ་གསར་འགྱུར་ཁང་གི་གསར་འགོད་པར་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཨོ་རྩལ་འགྲན་ཚོགས་ནར་འགྱངས་བྱས་པ་ལས་ཚད་བརྒལ་འགྲོ་སོང་ཅི་ཙམ་བཏང་བའི་གྲངས་འབོར་ཞིབ་བཤེར་གཏན་འཁེལ་བྱེད་བཞིན་ཡོད་ཅེས་བཤད།

ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དེ2021ལོའི་ཟླ7པའི་ཚེས23ཉིན་ནས་ཟླ8པའི་ཚེས8ཉིན་བར་ནར་འགྱངས་བྱས་པ་རེད། ཚེས27ཉིན་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཚོད་ལྟའི་འགྲན་བསྡུར2021ལོའི་ཟླ3པར་བསྐྱར་དུ་མགོ་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།