ཀྲུང་གོ་བོད་ཀྱི་དྲ་བ།

ཧའེ་ཧྲན་དང་སེ་ཨར་ཝེ་ཡས་ཕན་ཚུན་དུ་སྡོད་པའི་གཞུང་ཚབ་ཆེ་མོ་ཕྱིར་བདའ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཚེས་ཉེར་བརྒྱད་ཉིན། ཧའེ་ཧྲན་ཕྱི་འབྲེལ་པུའུ་ཡིས་ནང་སྲིད་ལ་ཐེ་གཏོགས་བྱེད་པ་རྒྱུ་མཚན་གཙོ་བོར་བྱས་ནས། ཧའེ་ཧྲན་དུ་བཅའ་སྡོད་བྱས་པའི་སེ་ཨར་ཝེ་ཡའི་གཞུང་ཚབ་ཆེ་མོ་ཕྱིར་བདའ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། སེ་ཨར་ཝེ་ཡའི་ཕྱི་འབྲེལ་པུའུ་ཡིས་དེའི་རྗེས་མཐུད་ནས་འདྲ་མཚུངས་ཀྱི་རྩ་དོན་གཞིར་བཟུང་ནས་སེ་ཨར་ཝེ་ཡ་རུ་བཅའ་སྡོད་བྱས་པའི་ཧའེ་ཧྲན་གྱི་གཞུང་ཚབ་ཆེ་མོ་ཕྱིར་བདའ་བ་ཁྱབ་བསྒྲགས་བྱས།

ཧའེ་ཧྲན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧའེ་ཧྲན་དུ་བཅའ་སྡོད་བྱས་པའི་སེ་ཨར་ཝེ་ཡའི་གཞུང་ཚབ་ཆེ་མོ་བ་ཧྥུའུ་ལ་ཏི་སྨིར·པོ་རོ་ཝུའེ་ཆི་ཡིས། དུས་ཡུན་རིང་པོར་ཧའེ་ཧྲན་གྱི་ནང་སྲིད་ལ་ཐེ་གཏོགས་རྒྱུན་ཆད་མེད་པར་བྱས་པ་དང་། བྱ་སྤྱོད་དེ་ཕྱི་འབྲེལ་དཔོན་གྱི་ཐོབ་ཐང་དང་མི་མཐུན་པ་ཞིག་རེད་ཟེར། ཧའེ་ཧྲན་ཕྱི་འབྲེལ་པུའུ་ཡིས་པོ་རོ་ཝུའེ་ཆི་ལ་དགའ་བསུ་མི་བྱེད་རྒྱུ་མ་ཟད། པོ་རོ་ཝུའེ་ཆི་ཧའེ་ཧྲན་རྒྱལ་ཁབ་ནས་ཕྱིར་འགྲོ་དགོས་པའི་བླང་བྱ་བཏོན།

སེ་ཨར་ཝེ་ཡའི་ཕྱི་འབྲེལ་པུའུ་ཡིས་དེའི་རྗེས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། འདྲ་མཚུངས་ཀྱི་རྩ་དོན་གཞིར་བཟུང་ནས། སེ་ཨར་ཝེ་ཡ་རུ་བཅའ་སྡོད་བྱས་པའི་ཧའེ་ཧྲན་གྱི་གཞུང་ཚབ་ཆེ་མོ་བ་ཐ་ཨེར་ཙན·སྨི་ལུའོ་ཧྲེ་ཝུའེ་ཆི་ལའང་དགའ་བསུ་མི་བྱེད་པར་མ་ཟད། སྨི་ལུའོ་ཧྲེ་ཝུའེ་ཆི་དུས་ཚོད་དོན་གཉིས་ཀྱི་རིང་སེ་ཨར་ཝེ་ཡ་ནས་ཁ་འབྲལ་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།