ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་དྲུག་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་དྲུག་སྟོང་དགུ་སུམ་བརྒྱ་སུམ་ཅུར་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དགུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།   འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་དྲུག་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་དྲུག་སྟོང་དགུ་སུམ་བརྒྱ་སུམ་ཅུར་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་སུ་བཀོད་པའི་གཞི་གྲངས་ཆེས་གསར་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་ཉེར་གཅིག་བར།  འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་ལྔ་དང་ཁྲི་དྲུག་སྟོང་བཞི་བརྒྱད་བརྒྱ་བཅུ་གསུམ་ཇེ་མང་དུ་སོང་ནས་བསྡོམས་པས་བྱེ་བ་དྲུག་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་དྲུག་སྟོང་དགུ་སུམ་བརྒྱ་སུམ་ཅུར་སླེབས་ཡོད།  རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བརྒྱད་དང་དགུ་བརྒྱ་གོ་ལྔ་ཇེ་མང་དུ་སོང་ནས་བསྡོམས་པས་ས་ཡ་གཅིག་དང་འབུམ་བཞི་ཁྲི་བཞི་སྟོང་བརྒྱད་བརྒྱད་བརྒྱ་གོ་དྲུག་ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།