ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཐི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་དམག་དཔུང་གིས་ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱི་དམག་སྒར་ལ་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། སྨྱན་བྱད་ཀྱིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སོ་ཐི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་དམག་དཔུང་གིས་ཉིན་དེར་ཡེ་མིན་གྱི་རྒྱལ་ས་སཱ་ནའི་ཉེ་འགྲམ་རི་ཁུལ་གྱི་ཧུའུ་སའེ་དྲག་ཆས་ཀྱི་དམག་སྒར་འགའ་ལ་བར་སྣང་འཇབ་རྒོལ་བྱས།

ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་མ་ཞི་ལའི་བརྙན་འཕྲི་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་རྒྱུར། རྒྱལ་ཁབ་མང་པོའི་དམག་དཔུང་གིས་བར་སྣང་འཇབ་རྒོལ་ཐེངས་བཅུ་བཞིར་སྤེལ་ན་ཡང་། མི་སྣར་ཤི་རྨས་བྱུང་བའི་གནས་ཚུལ་བསྒྲགས་མེད་ཟེར།

སོ་ཐི་ཨ་རབ་བརྙན་འཕྲིན་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་མང་པོའི་དཔུང་སྡེ་ཡིས་ཧུའུ་སའེ་དྲག་ཆས་ཀྱི་དམང་དོན་ཡུལ་གནས་འགའ་ལ་ཐེངས་མང་འཇབ་རྒོལ་བྱས།

ཚེས་ཉེར་གསུམ་ཉིན། ཧུའུ་སའེ་དྲག་ཆས་འབར་མདེལ་འཕངས་ནས་སོ་ཐིའི་མཚོ་འགྲམ་གྱི་གྲོང་ཁྱེར་ཅི་ཏའི་ཉེ་འགྲམ་གྱི་རྡོ་སྣུམ་སྒྲིག་ཆས་གཅིག་ལ་འཇབ་རྒོལ་བྱས་ཏེ་མེ་སྐྱོན་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།