ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་འཛམ་གླིང5Gཚོགས་ཆེན་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་འཛམ་གླིང5Gཚོགས་ཆེན་ཚེས26ཉིན་ཀོང་ཀྲོའུ་ནས་འཚོགས་པ་རེད། གོ་ལ་ཧྲིལ་པོའི5Gཁྱབ་ཁོངས་ཀྱི་ཚན་རིག་པ་དང་ཁེ་ལས་པ། ལས་རིགས་ཁག་གི་མི་སྣ་བཅས་ཀྱིས5Gའཕེལ་ཕྱོགས་ལ་དཔྱད་བསྡུར་དང་། 5Gའཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས། 5Gའཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་གྲོས་བྱས་པ་རེད། 

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ལེ་ཧུང་གིས་ཤིས་ཚིག་ཕུལ་བ་རེད། ཤིས་ཚིག་ནང་རང་རྒྱལ་གྱི5Gདྲ་རྒྱའི་འཛུགས་སྐྲུན་གོམ་སྟབས་བརྟན་ལ། མིག་སྔར་རང་རྒྱལ་གྱི5Gརང་ཚུགས་དྲ་བ་དེ་གཞི་ཁྱོན་ལྡན་པའི་ཐོག་མའི་ཚོང་སྤྱོད་མངོན་འགྱུར་བྱུང་བ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་དང་དེ་བཞིན་གཙོ་གནད་རྫོང་དང་གྲོང་ཁྱེར་ལ་ཁྱབ་ཡོད། ད་ལོའི་ཟླ10པའི་བར། རིམ་རྩིས་བྱས་ན5Gསྦྲེལ་ཚིགས་ཁྲི70ལྷག་ཙམ་ཤར་གཏོང་ཐུབ་པ་དང་མཐའ་སྣེ་སྦྲེལ་མཐུད་བྱེད་ཚད་དུང་ཕྱུར1.8ལས་བརྒལ་ནས། མཉམ་སྐྲུན་མཉམ་སྤྱོད་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། དེ་དང་ཆབས་ཅིག5Gཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། འཛམ་གླིང་གི5Gཚོགས་ཆེན་ནི་གོ་ལ་ཧྲིལ་པོའི5Gཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་ཐོག་མ་དེ་ཡིན་པ་དང་།2019ལོར་པེ་ཅིང་དུ་ཐེངས་དང་པོ་འཚོགས་པ་རེད། སྐབས་འདིའི་ཚོགས་ཆེན་ཐོག་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་གཉེར་བ་རེད། 5Gདེ་བས་ལེགས་པའི་སྒོ་ནས་ལས་རིགས་སྣ་བརྒྱ་དང་མཉམ་འདྲེས་ཐུབ་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་སྐུལ་འདེད་བཏང་ནས་དཔལ་འབྱོར་སླར་གསོ་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བར་གསོན་ཤུགས་གསར་པ་དང་སྒུལ་ནུས་གསར་པ་སྣོན་དགོས་ཞེས་གསུངས་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།