ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་པྲོག་གསར་ནད་དུག་ཕོག་པའི་ནད་པའི་ཁ་གྲངས་ཁྲི6000ལས་བརྒལ་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།


微信截图_20201126111502.png

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨ་མེ་རི་ཁའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་གཞི་གྲངས་ལྟར་ན། པེ་ཅིང་གི་ཆུ་ཚོད་ཟླ11ཚེས26ཉིན་གྱི་ཆུ་ཚོད6དང་སྐར་མ27ཙམ་བར་གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་པ་ཁྲི6000ལས་བརྒལ་ཡོད་པ་རེད། 60207001ཟིན་ཡོད། རིམ་རྩིས་བྱས་ན་ཚེ་འདས་ནད་པ་ཁྲི141ལས་བརྒལ་བ་དང་ནད་དཔེ1417906ལ་སླེབས་ཡོད།

    གཞི་གྲངས་ལས་མངོན་པར། ཨ་རི་ནི་རིམ་རྩིས་བྱས་པའི་ནད་དཔེ་དང་ཚེ་འདས་ནད་པ་ཆེས་མང་བའི་རྒྱལ་ཁབ་རེད། པྲོག་གསར་ནད་དུག་ཕོག་པའི་ནད་པ12742743དང་ཚེ་འདས་ནད་པ1261874ཟིན་ཡོད། རིམ་རྩིས་བྱས་ན་ནད་རྟགས་ཅུང་མང་བའི་རྒྱལ་ཁབ་ཏུ་ད་དུང་རྒྱ་གར་དང་པར་ཙིར། ཧྥ་རན་སེ། ཨུ་རུ་སུ་སོགས་ཡོད་པ་དང་།ཚེ་འདས་ནད་དཔེ་ཅུང་མང་བའི་རྒྱལ་ཁབ་ལ་ད་དུང་པར་ཙིར་དང་རྒྱ་གར། མོ་ཞི་ཁོ། དབྱིན་ཇི་སོགས་ཡོད།

微信截图_20201126111525.png

    ཟླ11པ་ནས་བཟུང་གོ་ལ་ཧྲིལ་པོར་ཉིན་གཅིག་ནང་ནད་གཞི་གཏན་འཁེལ་གྱི་ནད་དཔེ་གསར་པ་འཕེལ་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ནད་གཞི་གཏན་ཁེལ་གྱི་ནད་པ་ཟླ10ཚེས19ཉིན་ཁྲི4000ལས་བརྒལ་བ་དང་། ཟླ11ཚེས8ཉིན་ཁྲི5000ལས་བརྒལ་ཡོད། ཁྲི4000ནས་ཁྲི5000བར་ཉིན20བར་དང་ཁྲི5000ནས་ཁྲི6000བར་ཉིན17ལས་འགོར་མེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།