ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཁྲོམ་ར་ཞིག་ལ་མུ་འབྲེལ་འབར་གས་བྱུང་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་ཞེ་ལྔ་ལ་རྨས་སྐྱོན་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་བཞི་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་དབུས་རྒྱུད་ཀྱི་པ་སྨི་དབྱང་ཞིང་ཆེན་གྱི་ལྟེ་གནས་སྨི་དབྱང་གྲོང་ཁྱེར་དུ་ཉིན་དེའི་ཕྱི་དྲོ་མུ་འབྲེལ་འབར་གས་བྱུང་ནས། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་ཞེ་ལྔ་ལ་རྨས་སྐྱོན་ཕོག་པ་རེད།

པ་སྨི་དབྱང་སྲིད་གཞུང་གི་མགྲིན་ཚབ་པས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་བཏབ་ནས་བཤད་རྒྱུར། ཉིན་དེའི་ཕྱི་དྲོ། པ་སྨི་དབྱང་གྲོང་ཁྱེར་གྱི་མི་སྣ་འདུ་འཛོམས་ཆེ་བའི་ཁྲོམ་རར་མུ་འབྲེལ་འབར་གས་བྱུང་ཞིང་། འབར་གས་ཀྱིས་ས་གནས་དེ་གར་ཟང་ཟིང་དང་འཇིགས་སྣང་ཚད་མེད་བཟོས་པར་མ་ཟད། མིག་སྔར་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་དོན་རྐྱེན་བྱུང་ཡུལ་ལ་བཀག་སྡོམ་བྱས་པར་མ་ཟད། རྨས་མ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད།

མིག་སྔར་རྩ་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་འདི་བཟོས་པ་ཁྱབ་བསྒྲགས་བྱས་མེད།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།