ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་དུས་བཅད་ལྟར་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་ལ་ཁ་པར་བཏང་སྟེ། ན་ཁ་ས་ཁུལ་གྱི་གནས་བབ་སོགས་ཀྱི་གནད་དོན་ཐད་ལ་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དུས་བཅད་ལྟར་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་ལ་ཁ་པར་བཏང་སྟེ། ན་ཁ་ས་ཁུལ་གྱི་གནས་བབ་སོགས་ཀྱི་གནད་དོན་ཐད་ལ་གྲོས་སྡུར་བྱས།

ཁི་ལིས་མུའུ་ལིན་ཕོ་བྲང་དྲ་ངོས་སུ་ཚེས་ཉེར་བཞི་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་ལས་ཟླ་འདིའི་ཚེས་དགུ་ཉིན་མིང་རྟགས་བཀོད་པའི་ན་ཁ་ས་ཁུལ་གྱི་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབས་གནས་ཚུལ་ལ་གྲོས་སྡུར་ཞིབ་མོ་བྱས། ཕུའུ་ཅིན་གྱིས་ཨེ་ཨར་ཏོ་ཨན་ལ་ཨུ་རུ་སིའི་ཞི་བདེ་སྲུང་སྐྱོབ་མི་སྣས་ན་ཁ་ས་ཁུལ་གྱི་བརྟན་འཇགས་སྲུང་སྐྱོབ་བྱས་ནས། མང་ཚོགས་ཀྱི་བདེ་འཇགས་འགན་སྲུང་བྱས་པའི་ཕྱོགས་ཀྱི་གནས་ཚུལ་ཁྱབ་སྒྲོག་བྱས།

ཕྱོགས་གཉིས་ཀྱིས་བསྟན་དོན། དེང་སྐབས་ཀྱི་ལས་འགན་གཙོ་བོ་ནི་ན་ཁ་ས་ཁུལ་གྱི་མི་ཆོས་རིང་ལུགས་གནད་དོན་ཐག་གཅོད་རྒྱུ་དེ་ཡིན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ལྟེ་གནས་ཤིག་བཙུགས་ཏེ་ན་ཁ་ས་ཁུལ་གྱི་དམག་འཁྲུག་མཚམས་བཞག་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། རྒྱུན་མཐུད་སྒོས་ན་ཁ་ས་ཁུལ་གྱི་བརྟན་འཇགས་དང་ཞི་བདེ་འཚོ་བ་འགན་སྲུང་བྱེད་པའི་འབྲེལ་ཡོད་ཆོད་དོན་ཁྱོན་ཡོངས་ལག་བསྟར་བྱེད་དགོས་པ་ནན་གྱིས་བསྟན།

ཕྱོགས་གཉིས་ཀྱིས་ད་དུང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།