ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་དབྱི་སི་རལ་གྱི་དཔོན་པོས་གྲོས་མོལ་བྱས་པ་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།   སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སར་གྱིས་ཚེས་ཉེར་གསུམ་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་དབྱི་སི་རལ་གྱི་དཔོན་རིགས་ཀྱིས་གྲོས་མོལ་བྱས་པ་ཁས་ལེན་མ་བྱས། 

ཧྥེ་སར་གྱིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། གསར་འགྱུར་ལས་རིགས་ལ་ལས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་སྐབས། རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་དབྱི་སི་རལ་གྱི་དཔོན་པོས་གྲོས་མོལ་བྱས་པར་སྒྲོག་བཞིན་ཡོད་ཀྱང་། གྲོས་མོལ་དེ་འདྲ་སྤེལ་མྱོང་མེད། གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་ཀྱི་དཔོན་རིགས་ལས་གཞན་མེད་ཟེར། 

ཕིན་ཕའེ་ཨོ་ཚེས་ཉེར་གཉིས་ཉིན་སོ་ཏི་ཨ་རབ་ཏུ་འབྱོར་ནས་འཚམས་འདྲི་བྱས་པ་དང་། ཉིན་དེའི་དགོང་མོར་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མའོ་ཧན་མའོ་ཏི་དང་གྲོས་མོལ་བྱས་པ་རེད། 

དབྱི་སི་རལ་སྤྱི་བའི་རྒྱང་སྒྲོག་ཀུང་ཟི་ཡིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་གཉིས་ཉིན་སོ་ཏི་ཨ་རབ་ཏུ་གསང་བའི་གྲོས་མོལ་བྱས་པར་མ་ཟད། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་གཉིས་དང་གྲོས་མོལ་བྱས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།