ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱི་རྒྱལ་པོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མིག་སྔའི་འཛམ་གླིང་རང་བཞིན་གྱི་ཉམས་ཉེན་ཁྱད་སེལ་གང་ཐུབ་བྱེད་དགོས་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གླེང་སྟེགས་ཐེངས་བཅོ་ལྔ་པའི་དུས་རིམ་དང་པོའི་ཚོགས་འདུ་ཚེས་ཉེར་གཅིག་ཉིན་བརྙན་ལམ་གྱི་རྣམ་པའི་ཐོག་ནས་བསྡུས་ཤིང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་གྱིས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་མིག་སྔའི་འཛམ་གླིང་གི་ཉམས་ཉེན་ཁྱད་བསད་གང་ཐུབ་བྱེད་རྒྱུ་དང་། འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་དང་རྒྱུན་མཐུད། བསྟུན་མཁས་བཅས་ཀྱི་སྒོ་ནས་འཕར་སྣོན་ཡོང་བར་མུ་མཐུད་རྨང་གཞི་འདིང་དགོས་ཟེར།

ས་ལེ་མན་གྱིས་ཉིན་དེའི་མཐོ་རིམ་གླེང་སྟེགས་ལ་མགོ་འཛིན་བྱས་པ་དང་།  ཁོང་གིས་འགོ་རྩོམ་ཤིས་ཚིག་ནང་བཤད་རྒྱུར། ད་ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ལ། པྲོག་གསར་གློ་ཚད་ཀྱི་རིམས་ནད་གྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་ཕོག་ཐུག་བཟོས་ཡོད་པར་བརྟེན། རྒྱལ་ཁབ་ཁག་གི་མི་དམངས་དང་དཔལ་འབྱོར་ལ་སྔར་བཞིན་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད་ཟེར།

ས་ལེ་མན་གྱིས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ལ་ད་ཐེངས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གླེང་སྟེགས་བསྡུས་པའི་ཡུན་ལ། འཛམ་གླིང་ལ་ཆ་འཕྲིན་ནུས་ལྡན་ཞིག་བརྒྱུད་སྤྲོད་བྱེད་རྒྱུའི་འགན་འཁྲི་ཡོད་ཅིང་།  ང་ཚོས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་ཀྱི་ཤུགས་རྐྱེན་སེལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།