ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལེ་ཞི་ཡཱའི་ཙུང་ལི་ཡིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་དུ་ས་ཁོངས་ཀྱི་དཔལ་འབྱོར་སླར་གསོ་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

202011211019238TCE.jpg

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། མཱ་ལེ་ཞི་ཡཱའི་ཅི་ལུང་ཕའོ་ནས། མཱ་ལེ་ཞི་ཡཱའི་ཙུང་ལི་མུའུ་ཞེ་ཏེན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བདུན་པར་ཞུགས། 

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བདུན་པ་ཚེས་ཉི་ཤུ་ཉིན་སྐུད་ཐོག་གི་རྣམ་པས་སྤེལ། གྲོས་ཚོགས་ཀྱི་གཙོ་སྒྲུབ་རྒྱལ་ཁབ་ཡིན་པའི་ཆ་ནས། མཱ་ལེ་ཞི་ཡཱའི་ཙུང་ལི་མུའུ་ཞི་ཏེན་གྱིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ་བསྟན་དོན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཐུན་སྒྲིལ་བྱས་ཏེ་རིམས་ནད་འགོག་བཅོས་བྱེད་པ་དང་། མཉམ་དུ་ས་ཁོངས་ཀྱི་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་དགོས་ཟེར། 

མུའུ་ཞི་ཏེན་གྱིས་བསྟན་དོན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དབུ་བརྙེས་པའི་ཚུན་ལ་ས་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། ས་ཁོངས་ཀྱི་དཔལ་འབྱོར་ཉོ་ཚོང་གི་དངུལ་གཏོང་འགྲོ་འོང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་ལ་མཉམ་དུ་འགོག་བཅོས་བྱེད་པའི་དེང་གི་དུས་འདིར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་དེ་སྔར་ལས་འབུར་ཐོན་དང་མངོན་གསལ་དུ་གྱུར་ཡོད་ཟེར། 

མུའུ་ཞི་ཏེན་གྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་མང་ཚོགས་དག་ལ་ཁག་ཁུར་ཐུབ་དང་འདྲ་མཉམ་གྱི་ཐབས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་འཕྲོད་བསྟེན་ལག་རྩལ་ཐོབ་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།

མུའུ་ཞི་ཏེན་གྱིས་བཤད་རྒྱུར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོའི་ཐད་ནས་ནུས་པ་གལ་ཆེན་བཏོན་ཡོད་ཅིང་། དཔལ་འབྱོར་ཚོགས་ཁག་སོ་སོས་ཉོ་ཚོང་དང་དངུལ་གཏོང་ལ་བརྟེན་ནས་ད་ལྟའི་དུས་རིམ་གྱི་དཔལ་འབྱོར་ཉམས་རྒུད་ལས་ཐར་ནས། ས་ཁུལ་དེ་བཟོད་སྒོམ་དང་རྒྱུན་མཐུད་ཀྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་ཞུགས་པར་སྐུལ་འདེད་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།